མཚོ་སྔོན་གྱི་ཡིག་རྒྱུགས་འདི་དག་གནས་སྐབས་སུ་ལེན་མཚམས་འཇོག་པའི་བརྡ་སྦྱོར།

རིམས་ནད་འགོག་ཟོན་གྱི་བྱ་བ་ནུས་ཤུགས་གང་ཡོད་ཀྱིས་ལེགས་པར་བསྒྲུབས་ཏེ། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་རྒྱུགས་ཞབས་ལས་དོན་པའི་ལུས་ཕུང་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་བྱ་ཆེད། མིག་སྔའི་རང་ཞིང་གི་རིམས་ནད་འགོག་ཟོན་གྱི་གནས་བབ་གསར་ཤོས་དང་འབྲེལ་ནས་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་དང་བརྡར་ཤ་བཅད་དེ། ཞིང་ཆེན་རིམས་ནད་མཉམ་འགོག་མཉམ་བཅོས་འགོ་ཁྲིད་ཚན་ཆུང་གི་རིམས་ནད་འགོག་ཟོན་ཚན་ཆུང་ལ་སྙན་སེང་ཞུས་ནས་མོས་མཐུན་ཐོབ་པ་བརྒྱུད། ཟླ11པའི་ཚེས5ནས་ཚེས6ཉིན་བར་གཏན་འཁེལ་བྱས་པའི་མཚོ་སྔོན་གྱི2022ལོའི་ལོ་འཁོར་གྱི་ལས་གཉེར་སྨན་སྦྱོར་པ་དང་། རིམ་པ་དང་པོའི་ཐོ་འགོད་མེ་ཟོན་ལག་རྩལ་པ། རྩད་ཞིབ་འཆར་འགོད་ཀྱི་ཐོ་འགོད་ལག་རྩལ་པ། ལོ་སྨད་ཀྱི་ཡིག་སྒྱུར་ཆེད་ལས་ཐོབ་ཐང(ཆུ་ཚད)། ལོ་སྨད་ཀྱི་རྩིས་འཁོར་ལག་རྩལ་དང་མཉེན་ཆས་ཀྱི་ཆེད་ལས་ལག་རྩལ་ཐོབ་ཐང་བཅས་ཁག་ལྔའི་ཐོབ་ཐང་གི་ཡིག་རྒྱུགས་གནས་སྐབས་སུ་ལེན་མཚམས་འཇོག་རྒྱུ་གཏན་འབེབས་བྱས། ཡིག་རྒྱུགས་ཀྱི་རྗེས་མཐུད་བཀོད་སྒྲིག་ཐད་ལོགས་སུ་བརྡ་ཐོ་གཏང་རྒྱུ་ཡིན་པས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་མི་དོན་རྒྱུགས་ལེན་ཆ་འཕྲིན་དྲ་བར་དོ་ཁུར་བྱས་ནས་འབྲེལ་ཡོད་ཆ་འཕྲིན་དུས་ཐོག་ཏུ་ཤེས་རྟོགས་བྱ་རྒྱུ་རེ་བ་ཡིན།

བློ་འདྲིའི་ཁ་པར་ཨང་གྲངས། 0971-8258589

མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་ལྟེ་གནས།

2022ལོའི་ཟླ10པའི་ཚེས31ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།