རྒྱལ་ཁབ་དང་ཐུན་མོང་རྒྱུ་ནོར་ཡང་ན་སྤྱི་དམངས་ཀྱི་ཁྲིམས་མཐུན་སྒེར་ལ་དབང་བའི་རྒྱུ་ནོར་ལ་གཏོར་བརླག་བཏང་མི་ཆོག་དོན་ཅི།

ལན། སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་ནི་རྒྱུ་ནོར་རྩ་ཆེན་ཡིན་པས་ཕོག་ཐུག་གཏོང་མི་རུང་། རྒྱལ་ཁབ་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱིའི་རྒྱུ་ནོར་ལ་སྲུང་སྐྱོབ་བྱེད་པ་ཡིན། རྩ་འཛུགས་གང་ཞིག་དང་མི་སུ་ཞིག་ཡིན་རུང་བྱེད་ཐབས་གང་རུང་ཞིག་ལ་བྲཏེན་ནས་རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་བཙན་སྤྱོད་དམ་གཏོར་བརླག་གཏོང་བར་བཀག་སྡོམ་བྱེད་དགོས། སྤྱི་དམངས་ཀྱི་ཁྲིམས་མཐུན་སྒོར་དབང་རྒྱུ་ནོར་ལ་ཕོག་ཐུག་གཏོང་མི་རུང་།

རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་སྤྱི་དམངས་ཀྱི་སྒེར་དབང་རྒྱུ་ནོར་དབང་ཆ་དང་ཤུལ་འཛིན་དབང་ཆར་སྲུང་སྐྱོབ་བྱེད་དགོས།

རྒྱལ་ཁབ་ཀྱིས་བཅའ་ཁྲིམས་ཀྱི་གཏན་ཁེལ་ལྟར་སྤྱི་དམངས་སྒེར་ལ་དབང་བའི་རྒྱུ་ནོར་གྱི་རྒྱུན་འཛིན་བྱེད་དབང་སྲུང་སྐྱོབ་བྱེད་པ་ཡིན།