སྒུལ་སྐྱོད་རླངས་འཁོར་དེ་ཁ་ལོ་པའི་འཛིན་ཡིག་མེད་པའི་མི་ལ་བསྐོར་དུ་བཅུག་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་ད་དོན་རྐྱེན་གྱི་འགན་འཁུར་དགོས་སམ།

ལན། 《བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན19བའི་ཚན་ཆུང1པོའི་གཏན་ཁེལ་ལྟར་ན། སྒུལ་སྐྱོད་རླངས་འཁོར་བསྐོར་ན། ཁྲིམས་དང་མཐུན་པར་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་དགོས། དོན་ཚན99བའི་དོན་ཚན1པོའི་ཚན་ཆུང་གཉིས་པ་རུ་གཏན་ཁེལ་བྱས་དོན། སྒུལ་སྐྱོད་རླངས་འཁོར་དེ་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླངས་མེད་མཁན་དང་། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་རྩིས་མེད་དུ་བཏང་བའི་མི། གནས་སྐབས་སུ་གཞུང་ཉར་བྱས་པའི་མི་བཅས་ལ་བསྐོར་དུ་བཅུག་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒོར་ཉིས་བརྒྱའི་ཡན་དང་ཉིས་སྟོང་མན་གྱི་ཆད་པ་གཅོད་དགོས། དེར་བརྟེན། ཁ་ལོ་པའི་འཛིན་ཡིག་མེད་པར་བསྐོར་བའི་བྱ་སྤྱོད་ནི་དོན་རྐྱེན་བྱུང་བའི་ཐད་ཀར་གྱི་རྒྱུ་རྐྱེན་དང་ཐག་གཅོད་རང་བཞིན་གྱི་རྒྱུ་རྐྱེན་ཡིན་མོད། འོན་ཀྱང་མི་གཞན་གྱིས་དེར་རྔལས་འཁོར་བསྐོར་བའི་ཐོབ་ཐང་མེད་པའི་གནས་ཚུལ་ཤེས་བཞིན་དུ་རླངས་འཁོར་སྤྲད་ནས་བསྐོར་དུ་བཅུག་པར། དེར་རང་ངོས་ནས་ནོར་འཛོལ་ཡོད་པར་མ་ཟད། ད་དུང་གཞན་ངོས་ནས་ཀྱང་འགྲིམ་འགྲུལ་དོན་རྐྱེན་བྱུང་བར་ཐད་ཀར་གྱི་ནུས་པ་ཐོན་པས། འོས་འཚམ་གྱི་འགན་འཁུར་དགོས།