རྒྱལ་ཁབ་ཕྱི་ནས་བསླེབས་པའི་ཕྱི་རྒྱལ་གྱི་མི་ཀྲུང་གོར་བསྡད་རྗེས། ཕྱི་རྒྱལ་གྱི་ཁ་ལོ་པའི་འཛིན་ཡིག་བཟུང་སྟེ་རྔལས་འཁོར་བསྐོར་ཆོག་གམ།

ལན། མི་ཆོག་སྟེ། 《སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པ་དང་བཀོལ་སྤྱོད་གཏན་ཁེལ》གྱི་དོན་ཚན21པ་ལྟར་ན། ཕྱི་རྒྱལ་ནས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་བླངས་པའི་མིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པ་ལ། 《སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པའི་རེའུ་མིག》བསྐང་དགོས་པར་མ་ཟད། ད་དུང་དཔང་རྟགས་དང་། དཔང་ཡིག་ཀྱང་སྤྲོད་དགོས་ཏེ། (གཅིག)རེ་འདུན་ཞུ་མཁན་གྱི་ཐོབ་ཐང་དཔང་རྟགས། (གཉིས)རྫོང་རིམ་པ་ཡན་གྱི་སྨན་གསོ་སྡེ་ཁག་གིས་བྱིན་པའི་ལུས་ཕུང་བདེ་ཐང་གི་དཔང་ཡིག (གསུམ)བླངས་ཡོད་པའི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ཡོད་ཚད་དེ། དེ་རྒྱ་ཡིག་གིས་བྲིས་པ་མིན་ན་རྒྱ་ཡིག་ལ་བསྒྱུར་དགོས།

དོན་ཚན23པིའ་གཏན་ཁེལ་ལྟར་ན། རླངས་འཁོར་དོ་དམ་སའོ་ཡིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་གི་ཆ་རྐྱེན་དང་མཐུན་པ་ཡིན་ན་དང་ལེན་བྱ་དགོས་པ་དང་། ད་དུང་འཛིན་ཡིག་ལེན་མཁན་ལ་དུས་བཅད་བགོས་ཏེ་ཉིན་སུམ་ཅུའི་ནང་རྒྱུགས་སྤྲོད་པར་བཀོད་སྒྲིག་བྱེད་དགོས།

དོན་ཚན30པར་་གཏན་ཁེལ་བྱས་དོན། ཕྱི་རྒྱལ་གྱི་ཁ་ལོས་པའི་འཛིན་ཡིག་ལེན་པར་རེ་ཞུ་བྱེད་མཁན་ལ། རིག་ཚན་དང་པོའི་རྒྱུགས་ལེན་དགོས། འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་། འདྲུད་འཐེན་རླངས་འཁོར། འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས། དོས་འདྲེན་རླངས་འཁོར་ཆེ་གྲས་སོགས་ཀྱི་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པ་ལ། ད་དུང་རིག་ཚན་གསུམ་པའི་རྒྱུགས་ཀྱང་ལེན་དགོས།

ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་། དེའི་ཁོངས་མི། རྒྱལ་སྤྱིའི་རྩ་འཛུགས་ཀྱི་ཀྲུང་གོར་སྡོད་པའི་འཐུས་ཚབ་མི་སྣ་བཅས་ཀྱིས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པར། ཕྱི་འབཻལ་འདྲ་མཉམ་གྱི་རྩ་དོན་ལྟར་ཞིབ་བསྡུར་བྱས་ནས་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་སྟེར་དགོས།

དེ་ལས་གཞན། རིག་ཚན་དང་པོ་དང་རིག་ཚན་གསུམ་པ་ནི་བཅའ་ཁྲིམས་འདིའི་དོན་ཚན24པའི་གཏན་ཁེལ་ལྟར། རེ་རེ་བཞིན་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་། ཁྲིམས་སྲོལ། འབཻལ་ཡོད་ཤེས་བྱ་བཅས་རྒྱུགས་ལེན་པ། བགྲོད་ལམ་དུ་རླངས་འཁོར་བསྐོར་བའི་ལག་རྩལ་རྒྱུགས་ལེན་པ་བཅས་ལ་སྟོན་པ་ཡིན།

དེ་གཞིར་བཟུང་ནས་རྒྱལ་ཕྱིའི་ཁ་ལོ་པའི་འཛིན་ཡིག་བཟུང་བའི་ཕྱི་རྒྱལ་གྱི་སྤྱི་དམངས་ཀྲུང་གོར་ཡོང་རྗེས། འབྲེལ་ཡོད་གཏན་ཁེལ་གཞིར་བཟུང་སྟེ་རང་རྒྱལ་དུ་སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་ལེན་པར་རེ་ཞུ་བྱ་དགོས་ལ། ད་དུང་དེ་འབཻལ་གྱི་རྒྱུགས་ལའང་ཞུགས་དགོས། དེ་ལྟར་མ་བྱས་ན“འཛིན་ཡིག་མེད་པར་རླངས་འཁོར་བསྐོར་བའི”གྲས་སུ་གཏོགས།