ཅི་ཞིག་ལ་བསྐོར་ཆོག་པའི་རླངས་འོཁར་གྱི་རིགས་ཟེར།

ལན། སྒུལ་སྐྱོད་རླངས་འཁོར་གྱི་ཁ་ལོ་པའི་འཛིན་ཡིག་སྟེང་ཐོ་བཀོད་བྱས་པའི་བསྐོར་ཆོག་པའི་རླངས་འཁོར་གྱི་རིགས་ཏེ། དེ་ནི་ཁ་ལོ་པའི་འཛིན་ཡིག་ལེན་མཁན་གྱིས་སྤྱི་བདེ་རླངས་འཁོར་དོ་དམ་ལས་ཁུངས་སུ་རྒྱུགས་འཕྲོད་ནས་བསྐོར་ཆོག་པའི་རླངས་འཁོར་དང་། གཏན་ཁེལ་ལྟར་རྒྱུགས་མ་བླངས་པར་བསྐོར་ཆོག་པའི་རླངས་འཁོར་གྱི་རིགས་ལ་སྟོན། རླངས་འཁོར་གྱི་རིགས་བསྐོར་ཆོག་པའི་ཟིན་ཐོ་ནི་ཁ་ལོ་པའི་འཛིན་ཡིག་གི་ཤོག་ལྷེབ་དང་པོ་རུ་ཚབ་རྟགས་ཀྱི་རྣམ་པས་མཆན་འགོད་བྱས་ཡོད། སྒུལ་སྐྱོད་རླངས་འཁོར་སོ་སོའི་འཕྲུལ་ཆས་ཀྱི་རྩ་བའི་རིགས་པ་ཕལ་ཆེར་འདྲ་མོད། འོན་ཀྱང་རླངས་འཁོར་གྱི་ཕྱི་དབྱིབས་ཆེ་ཆུང་དང་། ནུས་པ། བཀོལ་སྤྱོད་ཀྱི་ངོ་བོ་སོགས་འདྲ་བ་མིན། ཁ་ལོ་པའི་ཁ་ལོ་སྒྱུར་པའི་ལག་རྩལ་དང་། ཁ་ལོ་སྒྱུར་བའི་ཉམས་མྱོང་། བབ་བསྟུན་ནུས་རྩལ་སོགས་ཀྱི་ཕྱོགས་ནས་ཆ་རྐྱེན་ཡང་མི་འདྲ། བདེ་འཇགས་ངང་ཁ་ལོ་བསྒྱུར་བ་དང་ཁ་ལོ་པའི་སྣང་ཚུལ་དོ་དམ་སྟབས་བདེ་འབྱུང་བར་ཁག་ཐེག་བྱེད་ཆེད། སྒུལ་སྐྱོད་རླངས་འཁོར་ལའང་ཁ་སྒྱུར་འཁོར་ལོ་དང་། ལག་འཛིན་ཡུ་བ་ཅན་ཏེ་རིགས་གཉིས་ཡོད། རིགས་ཆེན་པོ་དེ་གཉིས་ཀྱི་ཁྲོད་སྤྱིར་བཏང་དུ་གཏན་ཁེལ་འདི་ལྟར་བྱས་ཡོད་དེ། ཐོ་འགོད་རྣམ་གྲངས་མཐོ་བ་ཅན་གྱི་འཛིན་ཡིག་བཟུང་བའི་ཁ་ལོ་པས་ཐོ་འགོད་ཉུང་བའི་རླངས་འཁོར་བསྐོར་ཆོག་མོད། འོན་ཀྱང་ཐོ་འགོད་ཉུང་བ་ཅན་བཟུང་བའི་ཁ་ལོ་པས་ཐོ་འགོད་མཐོ་བའི་རླངས་འཁོར་གྱི་རིགས་བསྐོར་མི་ཆོག དེ་ལས་ལྡོག་སྟེ། བསྐོར་ཆོག་པའི་རླངས་འཁོར་གྱི་རིགས་ལས་བརྒལ་ཏེ་རླངས་འཁོར་རིགས་གཞན་སྐོར་མཁན་ནི་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གྲས་སུ་བགྲང་ཆོག

སྒུལ་སྐྱོད་རླངས་འཁོར་ཁ་ལོ་པས་བསྐོར་ཆོག་པའི་རླངས་འཁོར་གྱི་རིགས་གོ་རིམ་ལྟར་དབྱེ་ན། རླངས་འཁོར་ཆེ་བ་དང་། འདྲུད་འཐེན་རླངས་འཁོར། གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར། འགྲུལ་སྐྱེལ་རྔས་འཁོར་འབྲིང་བ། དོས་འདྲེན་རླངས་འཁོར་ཆེ་བ། རླངས་འཁོར་ཆུང་བ། རང་འགུལ་དལ་མྱུར་ཅན་གྱི་རླངས་འཁོར་ཆུང་བ། དལ་སྐྱོད་དོས་འདྲེན་རླངས་འཁོར། འཁོར་གསུམ་རླངས་འཁོར། འཁོར་གསུམ་འཕྲུལ་རྟ་ཕལ་བ། འཁོར་གཉིས་འཕྲུལ་རྟ་ཕལ་བ། བདེ་ཡང་འཕྲུལ་རྟ། འཁོར་ལོ་ཅན་གྱི་གློག་སྒུལ་ལྕགས་རྟ། འཕལ་ལྡན་གློག་སྒུལ་རླངས་འཁོར་དང་འཕལ་མེད་གློག་སྒུལ་རླངས་འཁོར་བཅས་སོ། །