2022ལོའི་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་གིས་སློབ་གྲྭ་ཆུང་འབྲིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་བྱེད་པ90བསྡུ་བའི་བརྡ་སྦྱོར།

འོས་འགན་སློབ་གསོའི་དུས་རིམ་ནང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་བྱེད་པའི་སྟོབས་ཤུགས་འཐུས་ཚང་དང་། སློབ་གྲྭའི་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་སྤུས་ཚད་སྔར་ལས་ཇེ་མཐོརབ། ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་བཅས་སུ་གཏོང་ཆེད་དུ། རྫོང་སློབ་གསོ་ཅུའུ་ཡིས་ཞིབ་འཇུག་ཐོག་རྫོང་སྲིད་གཞུང་ལ་སྙན་སེང་ཞུས་པར་མོས་མཐུན་ཐོབ་པ་བརྒྱུད། སྤྱི་ཚོགས་ཡོངས་སུ་ཁ་ཕྱོགས་ནས་སློབ་གྲྭ་ཆུང་འབྲིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་བྱེད་པ90བསྡུ་རྒྱུ་ཡིན་པས། འབྲེལ་ཡོད་དོན་ཚན་ཁྱབ་བསྒྲགས་གཤམ་གསལ་ལྟར།    

གཅིག ལས་བསྡུའི་ལས་གནས་དང་མི་གྲངས།

གཉིས། ལས་བསྡུ་བྱེད་སྟངས།

མིང་ཐོ་འགོད་སྟངས། (ཐོག་མའི་ཞིབ་བཤེར་དང་བསྐྱར་ཞིབ། )ཡིག་རྒྱུགས། ཁ་རྒྱུགས། དངོས་བཤེར། ཆབ་སྲིད་ཞིབ་བཤེར། ཁྱབ་བསྒྲགས་དང་ལས་བསྡུ་སོགས་ཀྱི་གོ་རིམ་ལྟར་ཐོ་འགོད་བྱེད་དགོས།

གསུམ། ལས་བསྡུ་བྱ་ཡུལ་དང་ཆ་རྐྱེན།

(གཅིག)ལས་བསྡུ་བྱེད་པར་གཤམ་གྱི་གཞི་རྩའི་ཆ་རྐྱེན་དག་ཚང་དགོས།

1.ཆུ་དམར་ལེབ་རྫོང་གི་ཁྱིམ་ཐོ་ཡིན་དགོས། 2.རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་། ཆབ་སྲིད་བརྟན་པོ་ཡིན་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་འཇོག་བྱེད་པ། རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་ལ་དགའ་ཞེན་ཆེ་བ། ཀུན་སྤྱོད་བཟང་པོ་དང་ལས་རིགས་ཀྱི་བྱང་ཚད་བཟང་པོ་ལྡན་དགོས། 3.དམའ་འབྲིང་དང་དེའི་ཡན་གྱི་ཡོན་ཚད་ལྡན་དགོས། 4.ལོ18ཡན་དང་ལོ45མན་ཡིན་དགོས། 5.ལུས་ཕུང་བདེ་ཐང་ཡིན་པ་དང་། འགོས་ནད་མེད་པ། 6.འབྲེལ་ཡོད་ལས་གནས་ཀྱི་དོན་དངོས་བཀོལ་སྤྱོད་ནུས་པ་ལྡན་དགོས།

2.མིང་ཐོ་འགོད་པའི་དུས་ཚོད། 2022ལོའི་ཟླ10པའི་ཚེས20ཉིན་གྱི་སྔ་དྲོའི་ཆུ་ཚོད9:00ནས་ཟླ10ཚེས21ཉིན་གྱི་ཕྱི་དྲོའི་ཆུ་ཚོད18:00བར་དང་། ཟླ10པའི་ཚེས24ཉིན་གྱི་སྔ་དྲོའི་ཆུ་ཚོད09:00ནས་ཟླ10པའི་ཚེས26ཉིན་གྱི་ཕྱི་དྲོའི་ཆུ་ཚོད18:00བར་ཡིན།

གསུམ། མིང་ཐོ་འགོད་ཡུལ་ཆུ་དམར་ལེབ་རྫོང་སློབ་གསོ་ཅུའུ་ཡི་རྨང་གཞིའི་སློབ་གསོ་ཁོའོ་ཡིན། (རྫོང་སྲིད་གཞུང་གི་ཐོག་བརྩེགས་ལྔ་པ)

མིང་ཐོ་འགོད་སའི་ལས་ཁུངས། ཆུ་དམར་ལེབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ་ཡིན།

འབྲེལ་གཏུག་བྱེད་ས།

ཆོས་དབྱངས་བཟང་མོ།  འབྲེལ་གཏུག་ཁ་པར་ཨང་གྲངས། 15809761816

ཀྲང་ཕེང་། འབྲེལ་གཏུག་ཁ་པར་ཨང་གྲངས། 15297194336

གསོད་ནམས་དབྱངས་སྐྱིད། འབྲེལ་གཏུག་ཁ་པར། 18782151395

ཟུར་བཀོད། ཆུ་དམར་ལེབ་རྫོང་གིས2022ལོའི་སློབ་གྲྭ་ཆུང་འབྲིང་གི་རྒྱབ་ཕྱོགས་མཁོ་སྒྲུབ་ལས་བྱེད་པ་བསྡུ་བའི་མིང་ཐོ་འགོད་པའི་རེའུ་མིག

ཆུ་དམར་ལེབ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། ཆུ་དམར་ལེབ་རྫོང་སློབ་གསོ་ཅུའུ།

2022ལོའི་ཟླ10པའི་ཚེས19ཉིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།