ཁྲུང་ཆིན་ལ་སྨུག་སྤྲིན་གྱི་གྲོང་ཁྱེར་ཟེར་དོན་ཅི།

མི་རྣམས་ཀྱིས་ཁྲུང་ཆིན་ལ་སྨུག་སྤྲིན་གྲོང་ཁྱེར་ཞེས་འབོད་པའང་མིང་དོན་དང་མཚུངས་འདུག ཁྲུང་ཆིན་གྱི་ཕྱོགས་བཞི་རི་བོའི་བསྐོར་ཅིང་འབྲི་ཆུ་དང་ཅ་ལིན་གཙང་བོ་འདྲེས་མདོ་ན་ཆགས་ཡོད་པས། གཙང་བོའི་རླངས་པ་ཕྱོགས་བཞིར་མཆེད་དཀའ་བ་དང་། མཁའ་དབུགས་ལ་བརླན་བཤེར་ཆེ་ཞིང་སྨུག་སྤྲིན་གྱིས་ཁེངས་ཡོད། ཉིན་མོར་ཁྲུང་ཆིན་གྱི་ཁང་བ་དང་ལྗོན་པ་ཡོད་ཚད་སྨུག་སྤྲིན་གྱི་ཁྲོད་དུ་ཡོད་ལ། མཚན་མོར་སྨུག་སྤྲིན་གྱིས་ལམ་སྒྲོན་ཡང་གསལ་ལ་མི་གསལ་བར་སྣང་། ཞོགས་པར་སྒོ་ཕྱེ་མ་ཐག་སྨུག་སྤྲིན་ཁང་བའི་ནང་དུ་འཐུལ་ཡོང་བ་དང་ཁྲོམ་གཞུང་ཧྲིལ་བོ་སྨུག་སྤྲིན་དཀར་བོས་བཏུམས་ཡོད། མདུན་དུ་སྐྱོད་ན་སྨུག་སྤྲིན་རྒྱབ་ཏུ་འགྲོ་ལ། རྒྱབ་ཏུ་ཕྱིན་ན་སྨུག་སྤྲིན་བདུན་དུ་འགྲོ་བར་མ་ཟད། རང་ཉིད་ཀྱི་སྤྲིན་པའི་གསེབ་ཏུ་བསླེབས་པ་ལྟར་སྣང་།

ཁྲུང་ཆིན་ལ་སྨུག་སྤྲིན་འཐིབས་ཉིན་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དག་ལས་ཆེས་མང་བ་ཡིན་ཏེ། ལོ་རེར་ཆ་སྙོམས་ཀྱིས་ཉིན140ལ་སྨུག་སྤྲིན་འཐིབས་པ་དང་། སྨུག་སྤྲིན་འཐིབས་ཚེ་རྒྱང་ནས་བལྟས་ན་གྲོང་ཁྱེར་ནི་རེ་འགར་གསལ་ལ་རེ་འགར་མི་གསལ་བས། དེའི་མཛེས་སྡུག་གི་རྣམ་པ་ནི་བརྗོད་ལས་འདས་པ་ཞིག་ཡིན།