དབྱིན་ཇིའི་ཉིག་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུས་ནམ་ཞིག་ལ་བཙུགས་པ་ཡིན།

དབྱིན་ཇིའི་ཉིག་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་གི་ལོ་རྒྱུས་ནི་དུས་རབས14བར་གཏུགས་ཆོག་ལ། དུས་རབས20བའི་ལོ་རབས50བའི་ནང་དུ་དཔེ་མཛོད་ཁང་དེ་ནི་དབྱིན་ཇི་རུ་དཔེ་ཆ་ཉར་བ་ཆེས་མང་བའི་དཔེ་མཛོད་ཁང་ཞིག་ཡིན། དུས་རབས20བའི་ལོ་རབས60ཡི་ལོ་མགོར་གོ་གནས་དེ་ད་གཟོད་པུའུ་ལིའི་ཏེན་དཔེ་མཛོད་ཁང་གིས་བཟུང་བ་རེད།

དཔེ་མཛོད་ཁང་དེའི་ཕྱི་ངོས་ལ་བལྟས་ཚེ་ཝུན་ཧྲ་སྐུ་དྲག་གི་གནའ་མཁར་ལྟར་མཛེས་ཤིང་ལྷུན་དུ་ཆགས་པ་དང་། གནའ་བོའི་བཟོ་བཀོད་ཀྱི་ཉམས་དང་ལྡན་པ་ཞིག་ཡིན་མོད། འོན་ཀྱང་དཔེ་མཛོད་ཁང་དེའི་ནང་ལ་སོང་ཚེ་ནང་གི་བཀོད་པ་དེང་རབས་རིང་ལུགས་ཀྱིས་ཕྱུག་པས། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་དཔེ་མཛོད་ཁང་ཞིག་ཡིན།

དཔེ་མཛོད་ཁང་འདི་མིང་དུ་གྲགས་དོན་ནི་ཕྱི་ནང་གི་བཀོད་པ་མཛེས་སྡུག་ལྡན་པ་ཁོ་ན་མིན་པར་དབྱིན་ཇིའི་རྒྱལ་པོ4དང་། ནོ་པའེ་ཨེར་བྱ་དགའ་ཐོབ་མཁན46།དབྱིན་ཇིའི་དབུ་བཞུགས་བློན་ཆེན25ཡིས་དཔེ་མཛོད་ཁང་འདི་ནས་སློབ་གཉེར་གནང་མྱོང་བས་རེད།