འཛམ་གླིང་སྟེང་གི་དགོན་པ་ཆེས་མང་བའི་གྲོང་ཁྱེར(རྒྱལ་ཁབ)གང་ཡིན།

ཀ་ཏ་མན་རྡུ་ནི་ནེ་པ་ལ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་དང་དེར་གནའ་ཤུལ་མང་བོ་ཡོད་པས་མི་རྣམས་ཀྱིས་ཐོག་མེད་རྟེན་རྫས་བཤམས་མཛོད་ཁང་དང་དགོན་མང་གྲོང་ཁྱེར་ཟེར། བསྡོམས་རྩིས་བྱས་པ་ལྟར་ན་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ7ཙམ་ཡང་མི་ཟིན་པའི་གྲོང་ཁྱེར་དབུས་ཀྱི་ཁྲོམ་ལམ་དང་ཁང་བའི་བར་དུ་ལྷ་ཁང་དང་། ཆོས་ཁང་། མཆོད་རྟེན། དགོན་པ་བཅས250ལྷག་ཡོད་པ་དང་། ཀ་ཏ་མན་རྡུ་ཡོངས་སུ་དགོན་པ་དང་ལྷ་ཁང་ཆེ་ཆུང2700ལྷག་ཡོད།

མུའུ་ཐོའུ་ཐོག་རྩེག་ཁང་ཆེན་གྱི་བྱང་དང་ཧ་ནུའུ་མན་ཏུའོ་ཁ་ཕོ་བྲང་གི་ནུབ་རྒྱུད་ནི་གྲོང་ཁྱེར་ནང་གི་གནའ་བོའི་དགོན་པ་དང་ལྷ་ཁང་གཅིག་སྡུད་ཆེ་ཤོས་ཀྱི་ཁྲོམ་ཁུལ་ཡིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཕྱེད་ཀའང་མི་ཟིན་པའི་ཁྲོམ་ཁུལ་དེར་དགོན་པ་དང་ལྷ་ཁང་ཆེ་ཆུང20ལྷག་ཡོད་པ་དེའི་ནང་བརྗིད་ཆགས་ཀྱི་ཐ་ལའེ་ཀྲུའུ་ལྷ་མོའི་ལྷ་ཁང་ནི་སྤྱི་ལོ1563ལོར་བཞེངས་པ་དང་མཐོ་ཚད་ལ་སྨིས40ཡོད་པར་མ་ཟད།ཀ་ཏ་མན་རྡུ་གྲོང་ཁྱེར་གྱི་ལྷ་ཁང་མཐོ་ཤོས་དང་ནེ་པ་ལའི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་ཡིན།

ཐ་ལའི་ཀྲུའུ་ལྷ་མོའི་ལྷ་ཁང་ཕུད་དེའི་རྒྱུད་དུ་ད་དུང་ཏའེ་ཀུའུ་ཐ་ལའེ་ཀྲུའུ་ལྷ་ཁང་དང་བཙུན་མོ་ལྷ་ཁང་བཅས་བཞེངས་ཡོད་ཅིང་། བཙུན་མོ་ལྷ་ཁང་གི་མདུན་དུ་མཛའ་ལྷའི་འཇིམ་སྐུ་བཞེངས་ཡོད། ཧིན་རྡུའི་ཆོས་ལུགས་ཀྱི་ལྷ་ཁང་དེའི་རྩེ་མོ་མཆོད་རྟེན་ཡིན་པའང་ནེ་པ་ལར་མ་གཏོགས་མེད། མདོར་ན་དགོན་པ་དང་ལྷ་ཁང་མང་བས་ཀ་ཏ་མན་རྡུ་གནའ་གྲོང་གི་ཁྱད་འཕགས་ཡུལ་ལྗོངས་མཚོན་པ་དང་གནས་སྐོར་ཡུལ་སྐོར་བྱེད་ས་བཟང་བོ་ཞིག་ཡིན་པར་མ་ཟད། དགོན་པ་དང་ལྷ་ཁང་གིས་ཁེངས་པའི་ཁྲོམ་གཞུང་དེར་བསླེབས་ཚེ་རང་དབང་མེད་པར་དགོན་པ་མང་བའི་གྲོང་ཁྱེར་ཞིག་རེད་ཨང་ཞེས་བསྔགས་བརྗོད་བྱ་སྲིད།