“མཚོ་སྔོན་གྱི་ལོ་ངོ་བཅུའི”རིང་ལ་རང་ཞིང་གི་བརྡ་འཕྲིན་ཞབས་ཞུར་འཕེལ་རྒྱས་གསར་པ་བྱུང་།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས“ལོ་ངོ་བཅུའི་རིང་གི་མཚོ་སྔོན”གྱི་ཆ་འཕྲིན་དང་བརྡ་འཕྲིན་སྐོར་གྱི་གསར་འགྱུར་ཆེད་སྒྲོག་ཚོགས་འདུ་བསྡུས།

ཚོགས་འདུའི་སྟེང་མཚོ་སྔོན་ཞིང་ཆེན་བརྡ་འཕྲིན་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་ཁུར་བས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། རང་རེའི་ཞིང་ཆེན་གྱི་བརྡ་འཕྲིན་ལས་དོན་ཕྱོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་།

ལོ་ངོ་བཅུའི་ནང་། མཚོ་སྔོན་ཞིང་ཆེན་གྱི་ཆ་འཕྲིན་དང་བརྡ་འཕྲིན་ལས་རིགས་འཕེལ་རྒྱས་ལ་ཐོལ་བརྒལ་ཆེན་པོ་བྱུང་ཞིང་། འོད་དྲ་དང་། སྤོ་འགུལ་དྲ་རྒྱའི་ཁེབས་ཚད་དང་། དྲ་རྒྱའི་སྤུས་ཀ ལས་རིགས་ཀྱི་གཞི་ཁྱོན། ཞབས་ཞུ་ཆུ་ཚད་བཅས་ཇེ་མཐོར་ཕྱིན་པ་དང་། སྤྱི་ཚོགས་འཚོ་བ་དང་གྲངས་ཀའི་མཚོ་སྔོན་འཛུགས་སྐྲུན་ཐད་ཀྱི་ཞབས་ཞུ་ནུས་པ་སྐས་རིམ་གསར་པ་ཞིག་ལ་བསླེབས་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་འདེགས་སྐྱོར་ཐད་ལས་རིགས་ཀྱི་ངོས་ནས་ལེགས་སྐྱེས་ཕུལ་ཡོད།

ལོ་ངོ་བཅུའི་རིང་ལ། རང་ཞིང་གིས་སྔ་གཞུག་ཏུ་མ་དངུལ་དུང་ཕྱུར36བཏང་སྟེ། རྒྱལ་ཁབ་གློག་འཕྲིན་ཀྱི་ཞབས་ཞུ་ཡོངས་ཁྱབ་ལས་གཞི་སྐོར་ཐེངས8ལག་བསྟར་བྱས་ཏེ། རང་ཞིང་གི་སྲིད་འཛིན་གྲོང་ཚོ3000ལ་འོད་སྣེ་དང་4Gདྲ་རྒྱ་ཁེབས་སུ་བཅུག་ཡོད།

ཞིང་ཆེན་ཡོངས་སུIPv6གཅིག་འགྱུར་འཆད་འགོད་ཐོག་བསྐྲུན་ཏེ། ཞིང་ཆེན་དང་ཉེ་འཁོར་ཞིང་ཆེན་གྱི་དྲ་བ་སྤྱོད་མཁན་གྱི་དྲ་བའི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན། ཞིང་ཆེན་ཡོངས་སུ་སྤྱོད་བཞིན་དང་བསྐྲུན་སྒང་ན་ཡོད་པའི་གཞི་གྲངས་ལྟེ་གནས་ཁྱོན་བསྡོམས15ཡོད་ཅིང་། སྤྱིའི་གཞི་ཁྱོན་སྒྲིག་ཆས་ཁྲི1.3ལ་ཟིན་པ་དང་རང་ཞིང་གི་གཞི་གྲངས་ཆེན་མོའི་ཐོན་ལས་གོང་སྤེལ་ལ་འདེགས་སྐྱོར་བྱས་ཡོད།

བཟོ་ལས་དྲ་རྒྱ་རིམ་པ་གཉིས་པའི་ས་ཚིགས་བཙུགས་ཏེ། རྒྱལ་ཁབ་ཀྱི་གསར་གཏོད་བཟོ་སྐྲུན་དེ་ཞིང་ཆེན་རིམ་པའི་བཟོ་ལས་དྲ་རྒྱའི་བདེ་འཇགས་གནས་ཚུལ་ཤེས་རྟོགས་འཕྲིན་སྟེགས་སུ་བསྒྱུར་བའི་རེ་ཞུ་ལེགས་འགྲུབ་བྱུང་བ་དང་། ཁེ་ལས་ཕྱི་ནང་གི་དྲ་བ་བཅོས་སྒྱུར་ལ་སྐུལ་འདེད་བྱེད་པ་བཅས་མཚོ་སྔོན་བརྡ་འཕྲིན་ལས་རིགས་ལ་བཟོ་ལས་དྲ་སྦྲེལ་ཞབས་ཞུའི་ནུས་པ་ལྡན་པས། རང་ཞིང་གི་བཟོ་ལས་ཁེ་ལས་གཞི་གྲངས་ཅན་དུ་བསྒྱུར་བར་དྲ་རྒྱའི་འགན་སྲུང་ཐོབ།

མཚོ་སྔོན་གྱི་འོད་སྐུད་སྤྱིའི་རིང་ཚད་ལེ་དབར་ཁྲི41.33ལ་བསླེབས་ཤིང་། དེ་ནི2012ལོ་དང་བསྡུར་ན40%འཕར་བ་དང་། ཞིང་ཆེན་ཕྱིར་དྲ་རྒྱུན9.78TBཕྱིར་གཏོང་བྱས། གཏན་འཇགས་ཐག་ཡངས་སྦྲེལ་འཇུག་གི་གྲངས་འབོར་དང་མྱུར་ཚད་ཡོངས་ཇེ་མང་ཇེ་མགྱོགས་སུ་ཕྱིན་ཏེ2012ལོའི་ཁྲི120ནས་ཁྲི450ལ་འཕར། FTTH སྦྲེལ་སྣེ་ཟིན་ཚད2012ལོའི37%ནས་ད་ལྟའི98%ལ་བསླེབས། རང་ཞིང་གི་འཁྱེར་སྤྱོད་ཁ་པར་སྦྲེལ་ཚིགས་ཀྱི་སྤྱིའི་གྲངས་འབོར་ཁྲི6ལ་བསླེབས། 4Gསྦྲེལ་ཚིགས་ཀྱི་སྤྱིའི་གྲངས་འབོར་ཁྲི3.75ལ་བསླེབས། 5Gསྦྲེལ་ཚིགས་ཀྱི་སྤྱིའི་གྲངས་འབོར8353ལ་བསླེབས།

མཚོ་སྔོན་གྱི་ཁ་པར་སྤྱོད་མཁན་སྤྱིའི་གྲངས་འབོར2012ལོའི་ཁྲི639.7ནས་ཁྲི852.5ལ་འཕར། དེ་ནི2012ལོའི་མཇུག་དང་བསྡུར་ན32.6%འཕར་ཡོད་པ་རེད། དེ་ལས་སྤོ་འགུལ་ཁ་པར་སྤྱོད་མཁན་ཁྱིམ་ཚང་ཁྲི709.9ལ་བསླེབས་ཤིང་། ཁྱབ་ཚད119.6%ལ་བསླེབས། 4Gསྤྱོད་མཁན་ཁྱིམ་ཚང་ཁྲི426.5དང་5Gསྤྱོད་མཁན་ཁྱིམ་ཚང་ཁྲི244.7ལ་བསླེབས། གཏན་འཇགས་ཀྱི་ཐག་ཡངས་སྦྲེལ་སྤྱོད་མཁན་ཁྱིམ་ཚང་ཁྲི236.6ལ་བསླེབས་ཤིང་། དེ་ནི2012ལོའི་ལོ་མཇུག་དང་བསྡུར་ན་ཁྱིམ་ཚང་ཁྲི186.1ཇེ་མང་དུ་ཕྱིན་ཡོད།

ད་སྔར། བརྡ་འཕྲིན་ཁེ་ལས་ཀྱིས་བཟོ་ལས་ཁེ་ལས་དང་མཉམ་འབྲེལ་ཐོག་མཚོ་སྔོན་གྱི་ནུས་ཁུངས་གཙང་མ་དང་། གཏེར་རི། ཚྭ་མཚོའི་བཟོ་ལས་སོགས་ལས་རིགས་གལ་ཆེན་དག་ཏུ5Gདང་བཟོ་ལས་དྲ་སྦྲེལ་ཟུང་འབྲེལ”གྱི་དཔེ་སྟོན་བཀོལ་སྤྱོད་བྱེད་དུ་བཅུག་ཡོད་ལ། 5Gནུས་འདོན་སློབ་གསོ་དང་སྨན་བཅོས། འགྲིམ་འགྲུལ་ལ་སོགས་ལས་རིགས་གཙོ་བོར་བེད་སྤྱོད་བྱས་པའི་ཕན་འབྲས་མངོན་གསལ་ཡིན། ལྷག་པར་དུ་ད་ལོའི་རྒྱལ་ཡོངས“བཞད་བུམ་རྟགས”ཅན་གྱི་5Gབཀོལ་སྤྱོད་འཚོལ་སྡུད་འགྲན་སྡུར་སྐབས་ལྔ་པའི་སྟེང་། མཚོ་སྔོན་ལ་བྱ་དགའ་སྣ་དྲུག་ཐོབ།

ལོ་ཙཱ་བ། ཁོན་ཐར་འཚོ།