ཟས་མང་དུ་བལྡད་ན་ཡིད་འཛིན་ཇེ་བཟང་དུ་འགྲོ་བ།

ཟ་མ་ཟ་སྐབས་ཞིབ་མོར་བལྡད་དེ་དལ་མོར་མིད་ན་ཕོ་རྒྱུའི་འཇུ་བྱེད་ལ་འཕྲོད་པར་མ་ཟད།ཚོ་མི་འབུད་པའི་ཐད་ལའང་ཕན་པ་ཆེན་པོ་ཡོད་པ་ཀུན་གྱིས་ཤེས་མོད། འོན་ཀྱང་དོན་དངོས་སུ་ཟ་མ་ཟ་སྐབས་ཞིབ་མོར་བལྡད་པའི་བཟང་ཆ་དེས་མི་ཚད་པ་རེད། འཇར་པན་ཆི་ཧྥུའུ་སློབ་ཆེན་མུར་བལྡད་སློབ་ཚོགས་ཀྱིས་ཞིབ་འཇུག་ཁྲོད་ཤེས་པ་ལྟར་ན། ཚོད་ལྟ་བྱ་ཡུལ་གྱིས་ཟ་མ་སྐར་མ་གཉིས་རིང་ལ་བལྡད་ན། དྲི་བར་ལན་བཏབ་པའི་འགྲིག་ཚད30%ཇེ་མཐོར་འགྲོ་བ་དང་། མཇུག་འབྲས་འདིས་སྐར་མ་གཉིས་རིང་གི་ཟས་རིགས་བལྡད་པའི་བྱེད་ལས་དེས་ཡིད་འཛིན་ཇེ་བཟང་དུ་གཏོང་བཞིན་པ་མཚོན་ཡོད།

ཞིབ་འཇུག་པས་ཤེས་པ་ལྟར་ན། ཟས་རིགས་བལྡད་པ་ཡིས་ཀླད་པའི་ཡིད་འཛིན་གྱི་གཙོ་ནུས་ཐོན་ཁུལ་ལ་ཕོག་ཐུག་གཏོང་བཞིན་ཡོད།ཀླད་པའི་མཚོ་རྟ་ཁུལ་གྱི་ཕྲ་ཕུང་སྟེ་སློབ་སྦྱོང་བདག་གཉེར་བྱེད་པའི་ཆ་ཤས་དེ་ལོ་ཚོད་ཇེ་མཐོར་སོང་བ་དང་བསྟུན་ནས་ནུས་ཞན་དུ་འགྱུར་བ་དང་། དུས་ཐུང་གི་ཡིད་འཛིན་ཡང་མེད་པར་འགྱུར་བཞིན་ཡོད། ལྡད་པའི་བྱེད་ལས་དེས་མཚོ་རྟ་ཁུལ་གྱི་ཕྲ་ཕུང་འཁྲུག་ཆ་ལྡན་པར་བྱས་ཏེ།རྒས་འགྱུར་གྱི་ཚད་ཇེ་དལ་དུ་གཏོང་བཞིན་ཡོད།

དེ་ལས་གཞན་ད་རུང་ཟས་རིགས་བལྡད་པ་ཡིས་ཁ་ཆུ་ཟགས་ཐོན་བྱེད་པར་སྐུལ་འདེད་ཐོབ་པ་དང་།ཀླད་པའི་ནང་གི་ཁ་ཆུ་ཟགས་ཐོན་ཡོང་བར་སྐུལ་བའི་ཆ་ཤས་དེ་དང་ཡིད་འཛིན་ནམ་སློབ་སྦྱོང་གི་བར་དུ་ཡང་འབྲེལ་བ་དམ་པོ་ཡོད། དེའི་རྐྱེན་གྱིས་ཟ་མ་ཟ་སྐབས་མང་དུ་བལྡད་པ་དང་ཟ་མ་ཟོས་རྗེས་ཁ་ནང་བཀྲུ་བ་སོགས་ཀྱིས་ཀླད་པའི་གསོན་ཤུགས་ཇེ་རྒྱས་སུ་གཏོང་ཐུབ། རྒན་པ་རྣམས་ལ་མཚོན་ན།མང་དུ་བལྡད་པའི་བཟང་ཆ་ནི་ཀླད་པ་རྒས་འགྱུར་དང་རྒན་པའི་ཧོན་ལོག་ནད་འགོག་པ་དེ་རེད། །