རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ་གསར་ཤོས་བསྒྲགས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་བའི་ཚེས་བཞི་ཉིན་ཁྱབ་བསྒྲགས་བྱས་པ་ལྟར་ན། ཟླ་བཅུ་བའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་སོ་གཅིག་དང་། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སུམ་བརྒྱ་དང་བདུན་ཇེ་མང་དུ་སོང་བ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་ང་བདུན་ཡོད་ལ། རང་ས་གནས་ཀྱི་ནད་པ་ཉིས་བརྒྱ་དང་ལྔ་བཅུ་ཡོད། ནད་རྟགས་མི་མངོན་པའི་ནད་པ་བདུན་བརྒྱ་དང་སོ་གཅིག་ཡོད་ཅིང་། དེའི་ནང་ཕྱི་ནས་མཆེད་པའི་ནད་པ་བརྒྱ་དང་ལྔ་ཡོད་ལ། རང་ས་གནས་ཀྱི་ནད་པ་དྲུག་བརྒྱ་དང་ཉེར་དྲུག་ཡོད། ཟླ་བཅུ་བའི་ཚེས་གསུམ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ད་ཡོད་ངོས་བཟུང་བའི་ནད་པ་སྟོང་གཉིས་དགུ་བརྒྱ་དང་བདུན་ཅུ་ཡོད། ཟླ་བཅུ་བའི་ཚེས་གསུམ་ཉིན་བར་དུ། ས་ཁུལ་སོ་སོ་ནས་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་མི་ཐེངས་ཐེར་འབུམ་གསུམ་དང་དུང་ཕྱུར་བཞི་བྱེ་བ་གསུམ་ས་ཡ་བདུན་ཁྲི་བརྒྱད་སྟོང་ལྔ་ལ་བརྒྱབ།