པད་མ་རྫོང་གིས་ན་གཞོན་ལས་བྱེད་པ་སྐྱེད་སྲིང་དང་འདེམས་བསྐོ་བྱས།

ཉེ་བའི་ལོ་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གིས་ཐོག་མཐའ་བར་གསུམ་དུ་ན་གཞོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་རྒྱུ་དེ་དུས་རབས་གསར་བའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་སྡེ་སྐྱེད་སྲིང་བྱེད་པའི་བྱེད་ཐབས་གལ་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་པ་དང་། འདེམ་གསོ་སྡོམ་བཀོལ་གྱི་མུ་ཐག་ཧྲིལ་བོའི་སྐྱེད་སྲིང་འདེམ་བསྐོ་རྐྱེན་སྲོལ་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ལ། གྲངས་ཚད་ལོངས་པ་དང་གྲུབ་ཚུལ་ལུགས་མཐུན། རིམ་སྐས་རྒྱུན་མཐུད། གསོན་ཤུགས་ལྡན་པའི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ན་གཞོན་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱས།

པད་མ་རྫོང་གིས་ཉིན་རྒྱུན་གྱི་དཔྱད་ཞིབ་དང་ལས་བྱེད་པའི་ལྟ་ཞིབ། ལོ་ཧྲིལ་བོའི་དཔྱད་ཞིབ་སོགས་བེད་སྤྱད་དེ། ཕུལ་བྱུང་ན་གཞོན་ལས་བྱེད་པའི་ངོ་སྤྲོད་བྱ་བ་སྤེལ་བ་དང་། ལོ་རེར་གདམ་མངག་པ་དང་གཞུང་ཞབས་པ། ལས་དོན་སྡེ་ཁག་གི་དགོས་མཁོ་འཆར་གཞིའི་ཡིག་ཐོག་སྙན་ཞུ་ཕུལ་ལ། རྗེས་ཕྱོགས་ཀྱི་རྗེས་འདེད་སྐྱེད་སྲུང་བྱེད་ཤུགས་ཆེར་བཏང་ནས། འགོ་ཁུངས་ནས་ལས་བྱེད་པའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་བཏང་། གསར་བརྗེ་སློབ་གསོའི་ཐོན་ཁུངས་ལ་རྒྱབ་རྟེན་པ་དང་། ཡུལ་དངོས་སློབ་ཁྲིད་དང་སློབ་ཁང་སློབ་ཁྲིད། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སོགས་རྣམ་པ་བརྒྱུད་དེ་ཕུགས་འདུན་ཡིད་རྟོན་སློབ་གསོ་སྤེལ་བ་དང་། དེ་དང་མཉམ་དུ་བརྒྱུད་སྒྲོག་ལ་བརྟེན་ནས་སྣེ་ཁྲིད་ལ་རོགས་འདེགས་བྱེད་པའི་ལམ་ལུགས་བཙུགས་ཏེ། གཞི་རིམ་ཡུལ་དངོས་དང་རིམས་ནད་འགོག་སྡོམ་སོགས་གཙོ་གནད་བྱ་བའི་ལས་རྐང་སྟེང་སྐྱེད་སྲིང་སྦྱོང་བརྡར་བྱེད་པར་དོ་སྣང་ཆེན་པོ་བྱས། དུས་ངེས་མེད་སྒོས་ན་གཞོན་ལས་བྱེད་པའི་བཞུགས་མོལ་ཚོགས་འདུ་དང་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུ་བ་སོགས་ཀྱི་རྣམ་པ་བརྒྱུད་དེ། རྟོག་ཞིབ་འཚམས་འདྲི་དང་གཞི་རིམ་བྱ་བ་ཡུལ་དངོས་ནས་གླེང་བ། གླེང་མོལ་བྱེད་རྒྱུ་དེ་རྒྱུན་རྣམ་ཅན་དུ་བསྒྱུར། ལས་བྱེད་པའི་དོ་དམ་ལྟ་ཞིབ་ལམ་ལུགས་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་བ་དང་། པད་མ་རྫོང་གི་འགོ་ཁྲིད་ལས་བྱེད་པའི་གོང་འོག་གཉིས་འཕེར་ལག་བསྟར་བྱེད་པའི་སྒྲིག་སྲོལ་ཞིབ་ཆ་སྒྲིག་བཟོ་བྱས་ནས་འགྲེམ་སྤེལ་བྱས་ཏེ། འཇོན་ཐང་ཅན་ལ་བློ་འགེལ་བཀོལ་སྤྱོད་བྱེད་པ་དང་ནུས་མེད་ཅན་གྱིས་ལས་གནས་གཞན་ལ་སྤྲོད་པ།དམན་པ་ལས་གནས་ནས་ཕྱིར་ཕུད་པའི་མི་བཀོལ་ཁྲིད་ཕྱོགས་དང་སྲིད་ཞུགས་ཁོར་ཡུག་གྲུབ་པར་སྐུལ་འདེད་བཏང་། པད་མ་རྫོང་གི་ཁུག་རིམ་པའི་མགོ་ཁྲིད་ལས་བྱེད་པའི་འདེམ་བསྐོ་འགན་ཁུར་གྱི་ཐོག་མའི་མིང་བཏགས་ཐད་ཀྱི་གནས་སྐབས་ཀྱི་བྱེད་ཐབས་སྒྲིག་བཟོ་བྱས་ནས། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་གྲུབ་འབྲས་འབུར་དུ་ཐོན་པ། མང་ཚོགས་ཀྱིས་ཁས་ལེན་པའི་ཕུལ་བྱུང་ན་གཞོན་ལས་བྱེད་པ་ཡར་འཐེན་དང་བློ་འགེལ་བེད་སྤྱོད་བྱས་པ་དང་། ན་གཞོན་ལས་བྱེད་པ་གཞི་རིམ་དུ་སྦྱོང་བརྡར་ལ་མངགས་པ་དང་ཕྱིར་ཡོང་ནས་འགན་གལ་ཆེན་འཁུར་བའི་གཞི་རིམ་གྱི་སྐྱེད་སྲིང་འདེམ་བསྐོ་མུ་ཐག་འཛུགས་སྐྲུན་བྱས།