ས་གནས་སོ་སོའི་མང་ཚོགས་ཀྱིས་རྒྱལ་སྟོན་དགའ་བས་རོལ་ནས་རླབས་ཆེན་མེས་རྒྱལ་ལ་སྨོན་འདུན་ཞུས།

ས་གནས་སོ་སོའི་མང་ཚོགས་ཀྱིས་རྣམ་པ་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་སྟོན་སྤྲོ་དགའ་རོལ་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་དོན་གསུམ་འཁོར་བར་རྟེན་འབྲེལ་ཞུས།

རྫོགས་ལྡན་གྱི་དུས་སྐབས་འདིར། ཀྲུང་གོའི་ས་ཆ་གང་ཡིན་སར་སྐར་ལྔའི་དར་དམར་ལྷབ་ལྷུབ་གཡོ་བཞིན་ཡོད། ཧྲང་ཧའེ་ཡི་ཁྲོམ་ལམ་ཆེ་ཆུང་གང་སར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་ཅིང་། ཧི་ནན་ཞིན་ཤང་གི་ཐའེ་ཧང་རི་བོའི་འདབས་རོལ་དུ། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལུང་གྲོག་ནང་དལ་བུར་གཡོ་བཞིན་དུས་རབས་གསར་པར་བསྔགས་བརྗོད་བྱེད་ཀྱིན་པ་དང་ཀུན་ནས་མཚུངས། ཀོང་ཞིས་ལུའུ་ཁྲོན་གྱི་སྡེ་བ་སོ་སོའི་ཁྱིམ་ཚང་ཚང་མས་རྒྱལ་དར་བཀལ་ནས་ཀྲུང་གོ་གསར་པའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།

རྒྱལ་སྟོན་དུས་ཆེན་གྱི་དགོང་མོར། གློག་འོད་ཆེམ་ཆེམ་འཕྲོས། ཀོས་ཀྲོའུ་ཀུའེ་དབྱང་དུ། “རྒྱལ་སྟོན་སྤྲོ་དགས་རོལ་བ”དང“ཚོགས་ཆེན་ཉི་ཤུ་པར་བསུ་མ་བྱེད”ཅེས་པ་བརྗོད་དོན་ཡིན་པའི་གློག་འོད་རྣམ་པར་བཀྲ་བའི་འཁྲབ་སྟོན་མཚན་མོའི་གྲོང་ཁྱེར་གྱི་མཁའ་དབྱིངས་སུ་འཆར་བར་བྱས་ཏེ་མེས་རྒྱལ་ལ་སྨོན་འདུན་གཙང་མ་ཞུས་པ་དང་། ཅང་སུའུ་ཡན་ཁྲིན་དུ་འཕྲུལ་ཆས་ཀྱི་གནམ་གྲུ་ལྔ་བརྒྱ་ཡིས“རྒྱལ་སྟོན་ལ་བསུ་མ་བྱེད”ཅེས་པའི་ཡིག་འབྲུའི་དབྱིབས་ཚུགས་མཁའ་དབྱིངས་ནས་མངོན་པར་བྱས་ཏེ། གྲོང་མི་མང་པོ་ཞིག་གི་ཡིད་སེམས་དབང་མེད་དུ་འཕྲོག་ཡོད། ཅིས་ལིན་ཏུན་ཧྭ་རུ། བཀྲག་མདངས་འཚེར་ཞིང་ཚོན་མདངས་རྣམ་པར་བཀྲ་བའི་འོད་མདངས་ཀྱིས་གྲོང་ཁྱེར་ཧྲིལ་བོར་མཛེས་སྡུག་གིས་བར་མེད་དུ་བརྒྱན་ནས་དུས་ཆེན་གྱི་བཀྲ་ཤིས་པའི་རྣམ་པ་མངོན་པར་བྱས།

རྒྱལ་སྟོན་དུས་ཆེན་གྱི་སྐབས་སུ། རི་མཐོའི་མཚོ་གླིང་དང་བྱེ་ཐང་ཆེན་མོ། གངས་ལྗོངས་ས་མཐོ་བཅས་སུ་ཡོད་པའི་དམག་སྒར་སོ་སོའི་དཔོན་དམག་རྣམས་ཀྱིས་ཀྱང་། རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་བྱེད་ཐབས་ལ་བརྟེན་ནས། མེས་རྒྱལ་ལ་སྨོན་འདུན་བཟང་བོ་ཞུས་ཏེ་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་པར་བྱས།