ཟས་རིགས་སྡེབ་སྟངས་མ་འགྲིག་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པ་ཡིན།

ཟས་རིགས་ཀྱི་ལས་སྟངས་དང་སྡེབ་སྟངས་མ་འགྲིག་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་པའམ་རྫས་འགྱུར་འགྱུར་ལྡོག་བྱུང་ནས་ནད་རིགས་སྣ་ཚོགས་ཤིག་བསྐྱེད་ངེས་ཡིན།

སྒོ་ང་དང་སྲན་ཁུ་མཉམ་དུ་སྤྱོད་མི་འཚམ་པ་ཡིན། དེ་ནི་སྲན་ཁུའི་ནང་དུ་ཡིའུ་སྤྲི་དཀར་མའེ་ཐོན་པར་འགོག་པའི་དངོས་པོ་ཞིག་ཡོད་ལ། དེས་མིའི་ལུས་ཀྱི་སྤྱི་དཀར་མའེ་ཡི་གསོན་ཤུགས་ཉམས་སུ་བཅུག་ནས་སྤྲི་དཀར་སྡུད་ལེན་བྱེད་པར་འགོག་རྐྱེན་བཟོ་བ་དང་། སྒོང་ཁུ་དཀར་པོའི་ནང་དུ་འབྱར་བག་ཅན་གྱི་སྤྲི་དཀར་ཡོད་ལ། དེ་སྲན་ཁུ་ནང་གི་ཡིའུ་སྤྲི་དཀར་མའེ་དང་འདྲེས་ན་སྤྲི་དཀར་གྱི་གྱེས་འགྱེད་ལ་འགོག་རྐྱེན་བཟོ་བས། མིའི་ལུས་ཀྱིས་སྤྲི་དཀར་སྡུད་ལེན་བྱེད་པའི་ཚད་ཇེ་དམའ་རུ་གཏོང་བ་ཡིན། དེ་བས་མི་ལ་ལ་ཞིག་གིས་ནངས་ཇ་འཐུང་དུས་སྒོ་ང་དང་སྲན་ཁུ་མཉམ་དུ་སྤྱོད་པ་ནི་ཚན་རིག་དང་མི་མཐུན་པ་ཞིག་རེད།

འོ་མ་དང་ལྕོག་ལེ་མཉམ་དུ་སྤྱོད་མི་འཚམ་པ་ཡིན། འོ་མའི་ནང་དུ་སྤྲི་དཀར་དང་ཀའེ་ཕུན་སུམ་ཚོགས་པོ་ཡོད་པ་དང་། ལྕག་ལེའི་ནང་དུ་རྩྭའི་སྐྱུར་ཡོད། དེ་གཉིས་མཉམ་དུ་བསྲེས་ནས་སྤྱད་ན་འོ་མའི་ནང་གི་ཀའེ་དེ་ལྕོག་ལེའི་ནང་གི་རྩྭའི་སྐྱུར་དང་འདྲེས་སྦྱོར་བྱུང་ནས་ཆུ་ཡི་ནང་དུ་འཇུ་དཀའ་བའི་ཚའོ་སོན་ཀའི་འབྱུང་ལ། དེ་མིའི་ལུས་ཀྱིས་སྡུད་ལེན་བྱེད་མི་ཐུབ་པ་མ་ཟད། ད་དུང་ཕོ་བ་བཤལ་བ་དང་སྐྲ་ལོ་སྐེམ་ནས་ཆག་པའི་ནད་རྟགས་འབྱུང་བ་དང་ལུས་ཀྱི་འཚར་སྐྱེ་ལ་གནོད་པ་བཟོ་བ་ཡིན། དེ་བས་འོ་མ་དང་ལྕོག་ལེ་མཉམ་དུ་སྤྱོད་མི་རུང་ངོ་།།

ཨ་འབྲ་དང་ཞོག་མངར་མཉམ་དུ་སྤྱད་ན་འཇུ་དཀའ་བ་ཡིན།ཞོག་མངར་ཟོས་རྗེས་ཕོ་བའི་ནང་དུ་ཡཱན་སོན་སོན་འབོར་ཆེན་ཞིག་ཐོན་པ་དང་།གལ་ཏེ་དེའི་སྟེང་དུ་ཨ་འབྲ་ཟོས་ན་ཨ་འབྲ་ཡིས་པོ་བ་སྐྱུར་དུ་འཇུག་པའི་ནུས་པ་ལ་བརྟེན་ནས་ཟས་ཀྱི་སྙིགས་མ་མང་པོ་ཐོན་དུ་འཇུག་པ་དང་། རིམ་གྱིས་སྙིགས་མ་དེ་དག་གཅིག་ཏུ་དྲིལ་ནས་ཆུ་ཡི་ནང་ནས་འཇུ་མི་ཐུབ་པའི་ལེབ་མོ་ཆགས་པས། དེ་ལུས་ཀྱིས་འཇུ་མི་ཐུབ་ལ་ཕྱིར་ཡང་གཏོང་མི་ཐུབ་པས་ན་མིའི་འཇུ་བྱེད་མ་ལག་ལ་གནོད་སྐྱེལ་བ་རེད།

སིལ་ཏོག་ལ་ལ་ཞིག་དང་མཚོ་སོས་མཉམ་དུ་སྤྱོད་མི་འཚམ་པ་ཡིན། མཚོ་སོས་དང་མཉམ་དུའམ་མཚོ་སོས་ཟོས་རྗེས་རྒུན་འབྲུམ་དང་། སྐྱུ་རུ་ར། སེ་འབྲུ། ཨ་འབྲ་སོགས་སིལ་ཏོག་རིགས་ཟོས་ན་སྐྱུགས་རྒྱུ་ལངས་པ་དང་དབུགས་སྦོས་པ། བཤལ་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན། དེ་ནི་སིལ་ཏོག་གི་ནང་དུ་རའེ་སཱོན་ཡོད་པ་ཆུའི་ཐོན་རྫས་ནང་གི་སྤྲི་དཀར་དང་འཕྲད་ན་དེ་མ་ཐག་སྲ་གཟུགས་སུ་ཆགས་ནས་འཇུ་དཀའ་བའི་དངོས་པོར་གྱུར་པ་ཞིག་རེད། དེ་བས་མཚོ་སོས་ཟོས་རྗེས་གོང་གི་སིལ་ཏོག་རིགས་དུས་ཚོད་བཞི་འགོར་ནས་ཟོས་ན་གནོད་པ་མེད།