རྒྱལ་སྟོན་དུས་ཆེན་སྐབས་སུ་མྱུར་བགྲོད་གཞུང་ལམ་གྱི་ལམ་གླ་སྤྲད་མི་དགོས།

ད་ལོའི་རྒྱལ་སྟོན་དུས་ཆེན་ནི་ཟླ10པའི་ཚེས1ཉིན་ནས་ཟླ10པའི་ཚེས7ཉིན་ཁྱོན་བསྡོམས་ཉིན7ཡིན་ལ། འདུག་སྟེགས7ཅན་དང་དེ་མན་གྱི་རླངས་འཁོར་ཆུང་གྲས་རིགས་མྱུར་བགྲོད་གཞུང་ལམ་སྟེང་བསྐྱོད་པར་ལམ་གླ་སྤྲོད་མི་དགོས་པ་དང་། དུས་ཚོད་ནི་ཟླ10པའི་ཚེས1ཉིན་གྱི་ཆུ་ཚོད0ནས་ཟླ10པའི་ཚེས7ཉིན་གྱི་ཆུ་ཚོད24བར་ཡིན།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།