སིལ་ཏོག་ལ་ལ་ཞིག་མང་དུ་ཟོས་ན་ནད་འབྱུང་དུ་འཇུག་པ་ཡིན།

བཤད་ཚུལ་ཞིག་ལ་སིལ་ཏོག་མང་དུ་ཟོས་ན་ལུས་པོར་ཕན་པར་བཤད་མོད། ཡིན་ནའང་སིལ་ཏོག་གང་ཞིག་ཟོས་ཀྱང་ལུས་པོར་ཕན་པར་འདོད་པ་དང་སིལ་ཏོག་ཇི་ལྟར་མང་དུ་ཟོས་ན་དེ་ལྟར་ལུས་པོར་ཕན་པར་འདོད་པ་ནི་ནོར་འཁྲུལ་ཞིག་རེད།

སིལ་ཏོག་ལ་ལ་ཞིག་ཟོས་ན་ནད་བསྐྱེད་སྲིད་པ་སྟེ། ཁམ་བུ་མང་དུ་ཟོས་ན་ལུས་པོར་གནོད་པ་ཡོད། ཁམ་བུ་ཁ་ལ་ཞིམ་ཞིང་འཚོ་བཅུད་ཀྱི་རིན་ཐང་མཐོ་ནའང་། ཁམ་བུ་ལ་སྐུར་བའི་རང་བཞིན་དྲག་པོ་ཞིག་ཡོད་པ་དེས་ཕོ་བའི་ནང་གི་སྐྱུར་བའི་གཤེར་ཁུ་ཇེ་མང་དུ་བཏང་ནས། ཟས་རིགས་འཇུ་མི་ཐུབ་པའི་ནད་དང་ཕོ་ནད་སྨུག་པོ་འབྱུང་དུ་འཇུག་པ་དང་།

ཁམ་བུ་མང་དུ་ཟོས་ན་ད་དུང་སྲིན་ཐོར་གྱི་ནད་དང་ཕོ་བ་བཤལ་བའི་ནད་སློང་བ་མ་ཟད།སོ་ལ་འབུ་ཡིས་བརྒྱག་པ་ཡིན། དེ་བས་ཁམ་བུ་ཟ་ཐེངས་གཅིག་ལ་མང་དུ་ཟ་བ་དང་རྒྱུན་དུ་ཟོས་ན་བདེ་ཐང་ལ་གནོད་པ་ཡོད། ཀྲོ་མ་ཀྲི་མང་དུ་ཟོས་ན་ལུས་ལ་ཚ་རྒྱས་སུ་འཇུག་པ་དང་ཅའི་ཧོང་ཞེས་པའི་ནད་བསྐྱེད་པ་ཡིན། ཀྲོ་མ་ཀྲི་ཁེ100ཡི་ནང་དུ་ནུས་ཚད་ཅའོ་སྟོང238ཡོད་ལ། ཀྲོ་མ་ཀྲི་མང་དུ་ཟོས་རྗེས་ནུས་ཚད་འདི་དག་ཚིལ་ཞག་ཏུ་འགྱུར་མ་ཐུབ་པའམ་ཡང་ན་དེ་འཕྲལ་ཞུས་མ་ཐུབ་པར་ཕོ་བོའི་ནང་གཅིག་ཏུ་སྤུངས་ནས་བསྡད་ན། མིའི་ལུས་པོར་ཚ་བ་རྒྱས་ནས་ནད་འགོག་གི་ནུས་པ་ཇེ་དམའ་རུ་འགྲོ་བ་དང་། ཁོ་ནང་དང་། སོ་ཡི་མཐའ་སྐོར། མིད་པ་བཅས་ལ་གཉན་ཚད་བྱུང་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན།

ཀྲོ་མ་ཀྲི་ཡི་ནང་དུ་B ཡིང་ཧོང་སའོ་ཞེས་པའི་རྫས་རིགས་ཤིག་ཡོད་ལ།ཀྲོ་མ་ཀྲི་མང་དུ་ཟོས་ན་ཅའི་ཧོང་ཞེས་པའི་ནད་འབྱུང་བ་ཡིན།དེའི་ནད་རྟགས་ནི་སྤྱི་པགས་དང་སོ་སེར་པོར་འགྱུར་བ་དང་། ལག་མཐིལ་དང་ཁ་ཤ སྣ་ཁུང་གཡས་གཡོན་གྱི་སྐྱི་པགས་སེར་པོའམ་ངང་སེར་དུ་འགྱུར་བ་ཡིན།

ཙོལ་རི་ནག་པོ་དང་ཨ་མྲའི་འཁུར་བ་མང་དུ་ཟོས་ན་རྡོ་སྐྲན་གྱི་ནད་འབྱུང་བ་ཡིན། ཙོལ་རི་ནག་པོ་དང་ཨ་མྲའི་འཁུར་བའི་ནང་དུ་སྐྱུར་དང་སྦྱིན་གྱི་རྫས་མང་པོ་ཞིག་འདུས་པས། མང་དུ་ཟ་བའམ་ཁོག་སྟོང་དུ་ཟོས་ན་སྐྱུར་དང་སྦྱིན་གྱི་རྫས་དེ་དག་ཕོ་བའི་ནང་གི་གཤེར་རྩི་དང་འདྲེས་ནས་སྲ་མོར་ཆགས་ཏེ་རྡོ་སྐྲན་དུ་འགྱུར་བས།འཇུ་སྟོབས་མེད་པ་དང་། དབུགས་སྦོས་པ། རྒྱུན་དུ་སྐྱུགས་རྒྱུ་ལངས་པའམ་སྐྱུགས་པ། གསུས་པར་ན་ཟུག་བསྟུད་མར་ལངས་པ། ཡི་ག་མེད་པ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན།

ཤིང་ཏོག་ལི་ཀྲི་མང་དུ་ཟོས་ན་ལི་ཀྲིའི་ནད་འབྱུང་བ་ཡིན། ལི་ཀྲིའི་ནད་ཀྱི་ནད་རྟགས་གཙོ་བོ་ནི་ཁྲག་གི་མངར་ཆ་དམའ་བ་ཡིན། གློ་བུར་དུ་ལུས་ནས་རྔུལ་ཆུ་བཞུར་བ། རྐང་ལག་འཁྱགས་པ། ཤེད་ཤུགས་མེད་པ་བཅས་ཀྱི་སྣང་ཚུལ་འབྱུང་བ་དང་། ཅུང་ཚབས་ཆེན་ཡིན་ན་མགོ་ཡུ་འཁོར་བ་དང་། རྐང་ལག་རེངས་འཐེན་བྱེད་པ། རྩའི་འཕར་ཚད་གཉོམ་པ། མིག་འབྲས་ཇེ་ཆུང་དུ་འགྲོ་བ་སོགས་ཀྱི་སྣང་ཚུལ་འབྱུང་ལ། གལ་ཏེ་མྱུར་སྐྱོབ་མ་བྱས་ན་གློ་ཚད་ཀྱི་ནད་འབྱུང་དུ་འཇུག་པ་དང་། ཅུང་ལྕི་ན་ཚེ་སྲོག་གི་ཉེན་ཁ་ཡང་ཡོད། ལི་ཀྲིའི་ནད་ནི་ལི་ཀྲི་ལ་སིལ་ཏོག་མངར་ཆ་ཕུན་སུམ་ཚོགས་པོ་ཡོད་ཁྲག་གི་ནང་གི་འདུས་ཚད་ཇེ་མཐོར་ཕྱིན་པ་ལས་བྱུང་བ་ཞིག་ཡིན། ཆའི་ཚད་དམའ་བའི་ནད་བསྐྱེད་པ་ཡིན།

ཤིང་ཏོག་པོ་ལུའོ་མང་དུ་ཟོས་ན་པོ་ལུའོ་ཡི་ནད་འབྱུང་བ་ཡིན། མི་ལ་ལ་ཞིག་གིས་པོ་ལུའོ་ཟོས་ན་མི་འཕྲོད་པའི་སྣང་ཚུལ་འབྱུང་བ་ཡིན། དེའི་མངོན་རྟགས་གཙོ་བོ་ནི་ཕོ་བར་ན་ཟུག་དྲག་པོ་ལངས་པ་དང་། སྐྱུགས་རྒྱུ་ལངས་པ། བཤལ་བ། ལུས་སྟེང་དུ་སིབ་འབུད་པ་དང་ཟ་འཕྲུག་ལངས་པ། རྐང་ལག་དང་ཁ་ཤ་སྦྲིད་པ་བཅས་ཀྱི་ནད་རྟགས་འབྱུང་བ་དང་། ཚབས་ཆེན་ཡིན་ན་དབུགས་ལེན་དཀའ་བ་དང་། ངོ་གདོང་དང་ཁ་ཤ་སེར་སྐྱར་འགྱུར་བ་སོགས་ཀྱི་ནད་རྟགས་འབྱུང་བ་ཡིན། ནད་རིགས་འདི་ནི་པོ་ལུའོ་ཡི་ནང་དུ་འདུས་པའི་སྐྱེ་དངོས་ཏའེ་དང་སྤྱི་དཀར་མའེ་གཉིས་ཀྱིས་བསྐྱེད་པའི་མཇུག་འབྲས་ཡིན། དེ་བས། ཤིང་ཏོག་པོ་ལུའོ་ཟ་དུས་ཤུན་པ་བཤུས་ནས་ལེབ་མ་ཆུང་ངུར་བཞར་ཏེ་ཚྭ་ཆུའི་ནང་སྐར་མ10ལ་སྦངས་རྗེས་ཟོས་ན་ཅུང་བཟང་བ་ཡིན།

ཤིང་ཏོག་ཨ་མྲ་མང་དུ་ཟོས་ན་པགས་པའི་གཉན་ཚད་འབྱུང་བ་ཡིན་ལ།མི་ལ་ལ་ཞིག་གིས་ཤིང་ཏོག་ཨ་མྲ་ཟོས་ནས་དུས་ཚོད་འགའ་ནས་ཉིན་གཉིས་གསུམ་གྱི་ནང་དུ། ཁ་ཤའམ་ཁ་ཤའི་གཡས་གཡོན་གྱི་པགས་པའི་སྟེང་དུ་ཁབ་མགོ་ལྟ་བུའི་རྨ་དམར་པོ་མང་པོ་འབུད་པ་དང་།རིམ་གྱིས་ངོ་གདོང་དང་རྣ་ཅོག་གཉིས་ཀྱི་སྟེང་ཁྱབ་ལ། ཁ་ཤས་ཤིག་ལ་ལུས་ཧྲིལ་བོའི་སྟེང་ཁྱབ་པ་དང་ལྷག་པར་དུ་གཉེར་མའི་སུལ་དག་ཏུ་ཅུང་མང་དུ་ཁྱབ་ལ་ཆེ་ཆུང་ཁབ་མག་ཙམ་ནས་ནས་འབྲུ་ཙམ་དུ་ཡོད། དེ་ལ་ཟ་འཕྲུག་དྲག་ཏུ་འབྱུང་བ་དང་ལུས་ལ་གྲང་འདར་རྒྱག་པ་དང་ཚ་བ་རྒྱས་པ་ཡིན།