མཚོ་ལྷོའི་གསེར་ཆེན་རྫོང་གི་མཚོ་སྐོར་སྐྱེ་ཁམས་ཡུལ་སྐོར་སྤུས་ལེགས་འཕེལ་རྒྱས་ཀྱི་ཕྱོགས་སུ་སྙེག་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་བའི་ལོ་རིང་ལ། གསེར་ཆེན་རྫོང་གིས་ཚལ་རྔ་འགག་དང་མཚོ་སྔོན་པོ་སོགས་ཡུལ་སྐོར་ཐོན་ཁུངས་ཀྱི་དགེ་མཚན་ལ་བརྟེན་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས་སྔོན་སྤེལ་ཁུལ་བསྐྲུན་པའི་ཕྱོགས་སུ་བསྐྱོད་པ་དང་། རྟ་ནག་མའི་“མཚོ་ངོགས་ཀྱི་ལྗོངས་གཟིགས་གྲོང”གཙོ་བྱས་ཏེ་མཚོ་སྔོན་པོའི་ལྷོ་ངོགས་ཀྱི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག་བཏོད་དེ། ནུས་ཤུགས་ཡོད་རྒུས་“མཚོ་སྔོན་པོ——ཆབ་ཆ——འོད་ཧྥུ་གླིང་ཁུལ——ཚལ་རྔ་འགག”བར་གྱི་མཚོ་སྐོར་ཡུལ་སྐོར་ལམ་ཐིག་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་ཚལ་རྔ་འགག་ནུབ་ངོགས་ཀྱི་ཡུལ་སྐོར་ལྗོངས་ཁུལ་དང་། ཚལ་རྔ་འགག་སྤྲོ་གསེང་གྲོང་རིག་ལྡན་ཡུལ་སྐོར་སྟེགས་བུ་སོགས་འཛུགས་སྐྲུན་ལས་གཞིར་སྐུལ་འདེད་བཏང་ནས་མཚོ་སྐོར་སྐྱེ་ཁམས་ཡུལ་སྐོར་སྤུས་ལེགས་འཕེལ་རྒྱས་ཕྱོགས་སུ་བསྐྱོད།

ཚལ་རྔ་འགག་ཆུ་གློག་ས་ཚིགས།

ཚལ་རྔ་མཚོ་ངོགས་ཀྱི་གྲུ་ཆུང་།

དམངས་གཉིར་མགྲོན་ཁང་གི་ལས་ཀ་པ་ལས་ལ་བྲེལ་བཞིན་པ།

ལྕགས་རྟ་བ་རྣམས་ཀྱིས་མཚོ་སྔོན་པའི་འགྲམ་དུ་མཉམ་པར་བླངས་པ།

ཚལ་རྔ་འགག་དང་ས་སྒང་།

བར་སྣང་ནས་པར་དུ་བླངས་པའི་མཚོ་སྔོན་པོ།

མཚོ་ངོགས་ཀྱི་དམངས་གཉེན་མགྲོན་ཁང་།

ཡུལ་སྐོར་པ་རྣམས་ཀྱིས་མགྱོགས་གྲུའི་སྟེང་ཚལ་རྔ་འགག་གི་མཛེས་ཉམས་སུ་རོལ་བ།
ལོ་ཙཱ་བ། ཁོན་ཐར་འཚོ།