སེམས་ཀྱི་མགྲོན་པོར་ཕུལ་བའི་གླུ།

གྲོགས་པོ་ཟླ་གཞོན་ལ་ཕུལ་བ།

བྲན། རྨ་ལྷོ།

ལས་ཀྱི་རླུང་བུ་གཡོ་བའི་འཇིག་རྟེན་གྱི་གྲོང་ན།།

སྣ་ཚོགས་རྨི་ལམ་མིན་པའི་རེ་ཁཱ་ནི་ཡོད་པས།།

སེམས་ཀྱི་དབྱར་གཞུང་ཚེས་པའི་ཡོ་ལང་གི་འདུ་འགོད།།

གཡུ་སྦྲང་གཞོན་ནུ་དགྱེས་པའི་རྩེད་མཚར་དུ་འདུག་ཨང་།།

འདས་སོང་ལོ་ཟླ་ཆུ་བོའི་བཞུར་རྒྱུན་གྱི་ཁུགས་ནས།།

ཡིད་ཀྱི་རབ་ཁ་བརྒལ་བའི་ངང་ཆུང་གི་ཚོགས་ཀྱིས།།

ཞི་བའི་ལྷིང་འཇཊ་དཀྲོག་པའི་སྔོན་བརྡ་ཞིག་བཏང་ན།།

མི་མེད་དབེན་པར་འགྲིམ་པའི་སྐྱོ་བ་ཞིག་སླེབས་སམ།།

ཚན་རིག་གློག་ཞགས་སྒེག་མོའི་སྟངས་སྟབས་ཀྱི་ཟོལ་ལས།།

ཡིག་འཕྲིན་སྤེལ་མར་བརྒྱུས་པའི་འདུ་འཛི་ལ་ཆགས་ན།།

རིག་བྱེད་སེམས་ཀྱི་སྙིང་སྡུག་ན་ཆུང་གི་མཛའ་མོས།།

ཁྲེལ་གཞུང་ཕྱི་ཐག་རིང་བའི་ཉམས་སྣང་ཞིག་སྟོན་ནམ།།

གཞན་གྱི་ཟེར་སྒྲོས་རླུང་བུ་ཕྱོགས་མེད་དུ་ལྡང་ཡང་།།

ནང་གི་རྣམ་རྟོག་མི་འཁྲུགས་རྒྱ་མཚོ་ཡི་རྦ་རླབས།།

དུས་ཀྱིས་སྐྱོམ་ཡང་འདུ་བྱེད་སྤྲིན་དཀར་གྱི་ལང་ཚོ།།

ཞེ་ཡི་གཏིང་ན་འཇཊ་མེད་གཏན་ཚུཊ་སུ་ཡོད་དམ།།

རང་གི་རྡོག་ལམ་ནོན་པའི་སྤོབས་པ་ཞིག་མེད་ན།།

སྙན་ངག་འབྲི་བའི་ལས་འདི་སླ་བོ་ཞིག་མ་རེད།།

ཚོར་བའི་ཆང་ཕོར་ཁ་ཡི་བསླུ་བྲིད་ཀྱི་རྟོག་འགྱུས།།

ནུབ་ཕྱོགས་སྲིན་པོའི་ཡུལ་ལ་ཐོག་མེད་དུ་དྲངས་འགྲོ།།

རིགས་དང་རུས་པར་ཞེན་པའི་ཕྱོགས་ལྷུང་གི་འཆིང་བ།།

འདོད་ཁམས་སྲིད་པ་འདི་ཡི་ཟློས་གར་གྱི་འཁྲབ་ཚན།།

བརྩེ་བའི་ལས་འཕྲོ་མེད་པའི་འཇིག་རྟེན་གྱི་བྱ་བཞག།

མཚན་ཐུན་སྒྱུ་མའི་གྲོང་གི་རྨི་ལམ་དང་འདྲ་ཨང་།།

མཐའ་མེད་འཁོར་བ་སྨིག་རྒྱུའི་ན་བུན་གྱི་འོབས་སུ།

ག་ཙམ་ལྷུང་ཡང་མགྲོན་པོའི་ཐུཊ་སེམས་ཀྱི་ཀློང་ན།།

ཞེན་སྣང་ཏོག་ཙམ་མེད་པའི་ཆོ་འཕྲུལ་གྱི་སྟངས་ཀ །

ཕྲ་རྒྱས་བདུད་ཀྱིས་བསླུས་པའི་ཀྱལ་ཀ་ལས་མི་འདུག།

དཔྱིད་ཀར་གཞན་གྱིས་གསོས་པའི་སེམས་བསྐྱེད་ཀྱི་འོག་ན།།

དྲུག་པའི་དབྱར་ཟླ་ཚེས་པའི་རམ་འདེགས་ཞིག་མེད་དུས།།

ཕལ་བའི་ཁྱིམ་ཚང་སྐྱོང་བའི་བསམ་གཞིག་གི་སེམས་ཁམས།།

ཚོར་བ་སྨག་ལ་བཏབས་པའི་ཞིང་ཁམས་ཞིག་མིན་འགྲོ།།

སྟོན་མཇུག་ཞིང་ཁའི་ཉི་མར་བརྩེ་འདང་གིས་འཁྱུད་ཅིང་།།

ལས་ཀྱིས་རྒྱང་ལ་འཕུར་བའི་བྱ་ཚོགས་ཀྱི་སྐྱོ་སྣང་།།

ངག་གི་སྦུབས་སུ་འཚང་བའི་བརྗོད་མེེད་ཀྱི་སེམས་པར།།

གས་ཁ་ལན་གཅིག་ཤོར་བའི་སྡུག་བསྔལ་དེ་ལྕི་ཨང་།།

དགུན་ལ་བུ་ཡུག་འཚུབ་པའི་མཐོ་སྒང་གི་འབྲོག་ནས།།

འབྲོང་གཡག་རྫ་ལ་གཤར་བའི་དཔུང་ཤ་ལ་འཁྲེང་ཞོར།།

མགོ་སྦྲ་སྨུག་པོའི་ནང་གི་ཁ་ཚུབ་ཀྱི་ཐད་ནས།།

སྐར་མའི་གྲངས་ཀ་ལེན་པའི་སྣང་བ་དེ་སྐྱིད་ཨང་།།

བསོད་ནམས་ཉི་ཟླར་རྩེན་པའི་ནམ་མཁའ་ཡི་མཐོངས་སུ།།

ཁྱོ་ཤུག་བདེན་པའི་གཤོག་དཀར་ངང་བ་ཟུང་འཕུར་བས།།

ཞབས་རྗེས་མཐོངས་སུ་མ་ཤོང་མཛའ་གཅུགས་ཀྱི་སྙིང་བོ།།

ཡིད་ལ་སྨིན་པའི་མངའ་ཐང་རྫོགས་མཐའ་ཞིག་འདུག་གམ།།

ཞེན་ཆགས་བདུད་རྩི་མངར་མོའི་ཆང་ཕོར་གྱི་ཁ་ཡི།།

འཚོ་བའི་གྲུ་ཡོར་བསྐྱོད་པའི་དྲན་འཛིན་གྱི་སྟེབས་སུ།།

མགྲོན་པོ་ཐུགས་རྒྱལ་བཞེངས་པའི་ཞེ་འཕྲོ་ཞིག་མེད་ན།།

བདག་གིས་གསར་དུ་བཞེངས་པའི་གླུ་ཆུང་འདི་ལོངས་ཤིག།

དར་རྒུད་འབྱམས་སུ་ཀླས་པའི་གཏམ་རྒྱུད་ཀྱི་བྱུང་རབས།།

ཆཊ་སྡང་རོལ་དབྱངས་དཀྲོལ་བའི་མཆུ་སྒྲོས་ཀྱིས་བརླན་ཏེ།།

དྲན་པ་དབྱངས་ལ་བཀུག་པའི་འཆར་རྟོག་གི་སྣང་བརྙན།།

ཤར་མར་སྦྱར་ཏེ་སེམས་ཀྱི་མགྲོན་པོ་ལ་ཕུལ་ཡོད།།

བོད་རབ་རྒྱན་ས་ཕག་ལོའི་དགུན་ཟླ་ཐ་མའི་ཆུ་སྦྲུལ་ཉིན་རོང་བོ་ནས་སྦྱར།