ཅི་ཞིག་ལ་སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་གནོད་པ་བཏང་བའི་ནག་ཉེས་ཟེར།

སྤྱི་ཚོགས་དོ་དམ་སྒྲིག་ལམ་ལ་གནོད་པ་བཏང་བའི་ནག་ཉེས་ཞེས་པ་ནི་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱུན་ལྡན་གྱི་དོ་དམ་བྱ་འགུལ་ལ་གནོད་འཚོ་ཚབས་ཆེན་བཟོས་པ་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་བཏང་ནས་ནག་ཉེས་ཚབས་ཆེན་བསགས་པའི་བྱ་སྤྱོད་ལ་ཉེས་མིང་གཙོ་བོ་འདི་དག་སྟེ། གཞུང་དོན་སྒྲུབ་པར་བར་ཆད་བཅོས་པའི་ནག་ཉེས། མི་དམངས་ཁྲིམས་ཁང་གི་བཅད་ཁྲལ་ལག་བསྟར་མི་བྱེད་པའི་ནག་ཉེས། སྤྱི་ཚོགས་ཀྱི་སྒྲིག་ལམ་དཀྲུགས་པའི་ནག་ཉེས། མི་མང་དཔུང་སྡེབ་ཀྱིས་མི་མང་འཛོམས་སའི་སྒྲི་ལམ་དཀྲུགས་པའི་ནག་ཉེས། ཁྲམ་པའི་ནག་ཉེས། བྲོས་བྱོལ་ནག་ཉེས། སྦ་སྐུང་ནག་ཉེས། གསང་འགེབས་ནག་ཉེས། སྒེར་གྱིས་མེ་མདའ་དང་མདེའུ་སྦ་སྐུང་བྱས་པའི་ནག་ཉེས། སྨན་རིགས་རྫུན་བཟོ་དང་ཉོ་འཚོང་བྱས་པའི་ནག་ཉེས། ལྷ་པ་དང་མོ་པའི་རྨངས་དད་ལ་བརྟེན་ནས་དཀྲོག་གཏམ་བཟོ་བ་དང་གཡོ་ལེན་བྱས་པའི་ནག་ཉེས། མགོ་སྐོར་གཡོ་ཐབས་ཀྱི་ནག་ཉེས། གཞུང་ཡིག་དང་དཔང་ཡིག་ཐམ་ག་བཅས་རྫུན་བཟོ་བྱས་པའི་ནག་ཉེས། རྒྱན་འཛུགས་ནག་ཉེས། བུད་མེད་ལ་སླུ་བྲིད་དང་ཞག་སྡོད་བྱེད་དུ་བཅུག་ནས་སྨད་འཚོང་བྱེད་དུ་འཇུག་པའི་ནག་ཉེས། འདོད་སྲེད་ཀྱི་དཔེ་ཆ་དང་རི་མོ་བཟོ་བ་དང་ཉོ་འཚོང་བྱེད་པའི་ནག་ཉེས། དུས་རྫས་བཟོ་བ་དང་ཉོ་འཚོང་ངམ་སྐྱེལ་འདྲེན་བྱེད་པའི་ནག་ཉེས། བརྐུས་རྫས་སྦ་སྐུང་བྱས་པའི་ནག་ཉེས། བརྐུས་རྫས་ཕྱིར་བཙོང་བའི་ནག་ཉེས། རིག་དངོས་རྩ་ཆེན་བརྐུས་ཏེ་ཕྱི་རྒྱལ་དུ་འདྲེན་པའི་ནག་ཉེས། རིག་དངོས་རྩ་ཆེན་དང་གནའ་ཤུལ་གྲགས་ཅན་ལ་གཏོར་བརླག་བཏང་བའི་ནག་ཉེས། རྒྱལ་ཁབ་ཀྱི་མཐའ་མཚམས་རྡོ་རྟགས་དང་རྡོ་རིང་ལ་གཏོར་བཤིག་བཏང་བའི་ནག་ཉེས། རྒྱལ་མཚམས་ལྐོག་བརྒལ་བྱས་པའི་ནག་ཉེས། མི་གཞན་པ་རྩ་འཛུགས་དང་སྤོརར་སྐྱེལ་བྱས་ནས་རྒྱལ་མཚམས་ལས་ལྐོག་བརྒལ་བྱེད་པའི་ནག་ཉེས། རྒྱལ་མཚམས་ཀྱི་འཕྲོད་བསྟེན་རིམས་བཤེར་གྱི་གཏན་ཕབ་དང་འགལ་བའི་ནག་ཉེས་སོགས་སོ། །