2022ལོའི་ཟླ9པའི་ཚེས27ཉིན་གྱི་མཚོ་སྔོན་གྱི་པྲོག་གསར་རིམས་ནད་ཀྱི་གནས་ཚུལ།

རང་རེའི་དྲ་བའི་འཕྲིན། 2022ལོའི་ཟླ9པའི་ཚེས27ཉིན། མཚོ་སྔོན་དུ་གསར་དུ་བྱུང་བའི་ས་གནས་ཅན་གྱི་པྲོག་གསར་ནད་པ2བྱུང་། (མཚོ་ཤར་ཁུལ་དུ་ནད་པ2།) ད་སྔར་གནས་གཏན་སྨན་ཁང་དུ་བཀར་འཇུག་སྨན་བཅོས་བྱེད་བཞིན་པའི་ནད་པ11ཡོད། ས་གནས་ཅན་གྱི་ནད་རྟགས་མེད་པའི་ནད་འགོས་མཁན5གསར་དུ་བྱུང་། (མཚོ་ཤར་ཁུལ་དུ་ནད་པ3། མཚོ་ནུབ་ཁུལ་དུ་ནད་པ2།)མི110ལ་སྨན་བཅོས་ལྟ་ཞིབ་བྱེད་སྒང་ཡིན།

ཟླ9པའི་ཚེས27ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་ནད་པ11ཡོད་ལ། ས་གནས་ཅན་གྱི་ནད་རྟགས་མེད་པའི་ནད་འགོས་པའི་ནད་པ110ཡོད།

ཟླ9པའི་ཚེས27ཉིན་གྱི་ཆུ་ཚོད24བར་དུ། མཚོ་སྔོན་ཞིང་ཆེན་དུ་ཁྱོན་བསྡོམས་པྲོག་གསར་གློ་ཚད་བྱུང་བའི་ས་གནས་ཅན་གྱི་ནད་པ242ཡོད་ཅིང་། སྨན་ཁང་ནས་ཕྱིར་བུད་པའི་ནད་པ་ཁྱོན་བསྡོམས228ཡོད་པ་རེད།

བརྩེ་བའི་དྲན་སྐུལ།

1མུ་མཐུད་དུ་བདེ་ཐང་འགོག་སྲུང་ལེགས་པོ་བྱེད་དགོས།

རྒྱལ་ནང་གི་རིམས་ནད་གནས་ཚུལ་དང་ཉེན་ཁ་ཆེ་འབྲིང་ས་ཁུལ་གྱི་འགྱུར་ལྡོག་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱས་ཏེ། དགོས་གལ་མེད་ན་ཕྱི་རྒྱལ་ལ་མི་འགྲོ་བ་དང་། ཉེན་ཁ་ཆེ་བའི་ས་ཁུལ་དུ་མི་འགྲོ་བ། ས་གནས་ཅན་གྱི་ནད་པ་གཏན་འཁེལ་གྱི་ནད་དཔེ་ཡོད་པའི་ས་ཁུལ་བཅས་ལ་མི་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་དང་ས་ཁུལ་ལས་བརྒལ་ནས་འགྲོ་སྐྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་དགོས།

2.རང་འགུལ་ངང་རིམས་ནད་འགོག་ཟོན་དོ་དམ་ལ་གཞོགས་འདེགས་བྱེད་དགོས།

དགོས་གལ་མེད་ན་མཚོ་སྔོན་ནས་ཕྱིར་མི་འགྲོ་བ་དང་བྱ་འགུལ་མི་སྤེལ་པ། སྣེ་ལེན་མི་བྱེད་པ། འདུ་འཛོམས་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱ་དགོས། ཉེན་ཁ་ཆུང་བའི་ས་ཁུལ་ནས་མཚོ་སྔོན་ན་ལྡོག་པའི་མི་སྣས་ངེས་པར་དུ“བདེ་ཐང་ཨང་རྟགས”དང“ལམ་ཐིག་ཨང་རྟགས”ལ་ཞིབ་བཤེར་དང་དྲོད་ཚད་འཇལ་རྒྱུ་དོན་འཁྱོལ་ནན་པོ་བྱེད་དགོས་པ་མ་ཟད། ཆུ་ཚོད་48ནང་གི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་གཤིས་རང་བཞིན་གྱི་དཔང་ཡིག་ཀྱང་ཡོད་དགོས་པ་དང་། ཉེན་འབྲིང་ས་ཁུལ(རྫོང་དང་ཆུས་ཁྱབ་ཁོངས)དུ་མཚོ་སྔོན་དུ་ཡོང་མཁན་དང་ཉེན་འབྲིང་ཆེ་བའི་ས་ཁུལ་དུ་གནས་སྡོད་བྱེད་པའི་ལོ་རྒྱུས་ལྡན་པའི་མཚོ་སྔོན་ལ་ལྡོག་པའི་མི་སྣ་དག་གིས་བདེ་ཐང་ཨང་བཤེར་དང་དྲོད་ཚད་འཇལ་བ། ཆུ་ཚོད་48ནང་ཚུན་གྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་གྱི་སྲིབ་ཐོན་དཔང་རྟགས་དགོས་པ་ཕུད། ཉིན་14ཡི་ནང་ཚུན་དུ་གཅིག་སྡུད་ཐོག་ལོགས་འཇོག་གསོ་རིག་ལྟ་ཞིབ་བྱ་རྒྱུ་དོན་འཁྱོལ་ནན་པོ་བྱེད་དགོས། མཚོ་སྔོན་དུ་ཕྱིར་ལོག་བྱེད་མཁན་ཚང་མས་ངེས་པར་དུ་འཕྲལ་མར་ལས་ཁུངས་དང་སྡེ་ཁུལ་ལ་ཐོ་འགོད་བྱས་ནས་སྡེ་ཁུལ་གྱི་བདེ་ཐང་དོ་དམ་དང་ལེན་བྱེད་དགོས།

3“རིམས་འགོག་བྱེད་ཐབས་དྲུག”ཡིད་ལ་བརྟན་པོར་ངེས་དགོས།

ཁ་བཏུམ་ད་དུང་མུ་མཐུད་དུ་རྒྱག་དགོས་པ་དང་ལག་པ་ད་དུང་གཙང་འཁྲུ་བྱེད་དགོས། ཁང་བའི་ནང་དུ་ད་དུང་རྒྱུན་དུ་རླུང་རྒྱུག་ཏུ་འཇུག་དགོས་པ། སྤྱི་ཚོགས་འབྲེལ་བའི་བར་ཐག་ད་དུང་འཇོག་དགོས་པ། གནས་ཡུལ་གཏན་འབེབས་ད་དུང་སྲུང་དགོས་པ། བདེ་ཐང་གི་སེམས་ཁམས་ད་དུང་ཡོད་དགོས།

4པྲོག་གསར་རིམས་ནད་འགོག་ཁབ་བརྒྱག་དགོས།

རིམས་འགོག་སྨན་ཁབ་རྒྱག་པ་ནི་འགྲོ་གྲོན་ཆེས་ཆུང་ཞིང་ཕན་ནུས་ཆེས་ལྡན་པའི་རིམས་འགོག་བྱ་ཐབས་ཤིག་ཡིན་ལ། སྤྱི་དམངས་ཚང་མས་ལག་བསྟར་བྱེད་དགོས་པའི་འགན་འཁྲི་དང་འོས་འགན་ཞིག་ཀྱང་ཡིན། ཆ་རྐྱེན་འཛོམས་ཀྱང་སྔར་བཞིན་བརྒྱུད་རིམ་ཧྲིལ་པོར་རིམས་འགོག་སྨན་ཁབ་རྒྱག་པའི་མང་ཚོགས་ལ་གང་མགྱོགས་སྨན་ཁབ་རྒྱག་རྒྱུ་དང་གཙོ་གནད་མི་ཚོགས་ལ་དུས་ཐོག་ཏུ་རིམས་འགོག་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱ་ཆེའི་ཁྱིམ་བདག་དང་ལྟ་སྐྱོང་བས་ལོ3ནས་11བར་གྱི་མི་ཚོགས་ལ་འགོག་ཁབ་བརྒྱག་པའི་བྱ་བར་གཞོགས་འདེགས་ཧུར་ཐག་བྱས་ནས། ཐུན་མོང་ཐོག་མཚོ་སྔོན་ཞིང་ཆེན་གྱི་མི་ཚོགས་ཡོངས་ཀྱི་རིམས་འགོག་བྱ་བ་བརྟན་པོ་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།

5.སྒེར་གྱི་འགོག་སྲུང་འདུ་ཤེས་ལ་ཤུགས་སྣོན་བྱ་དགོས།

སྟོན་དགུན་གྱི་དུས་་ནི་དབུགས་ལམ་ལ་འགོས་ནད་ཐོན་ཚད་མང་བའི་དུས་ཚིགས་ཤིག་ཡིན་པས། མི་སྣ་འདུ་འཛོམས་བྱ་ཡུལ་དང་ཁ་དམ་པོར་བཀག་པའི་ཁོར་ཡུག་ནང་ཁ་ཐུམ་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས། གལ་སྲིད་ཚ་བ་རྒྱག་པ་དང་། སྐམ་ལུ་རྒྱག་པ། ཤུགས་མེད་པ། སྣ་འགག་པ། སྣ་ཆུ་བཞུར་བ། མིད་པ་ན་བ། དྲི་ཚོར་ཉམས་པ། མིག་འབྲས་སྐྱི་མོའི་གཉན་ཚད་ཕོག་པ། ཤ་གནད་ན་བ། ཁོག་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ་དུས་ཐོག་ཏུ་ཚད་ལྡན་གྱི་གོ་རིམ་ལྟར་སྨན་པ་བསྟེན་དགོས་པ་མ་ཟད། རང་འགུལ་ངང་ཉིན14ཡི་རིང་གི་བྱེད་སྒོ་སྤེལ་ཤུལ་དང་ཐུག་འཕྲད་ལོ་རྒྱུས་སྙན་སེང་བྱ་དགོས། སྨན་པ་བསྟེན་པའི་བརྒྱུད་རིམ་ཧྲིལ་པོར་ཁ་ཐུམ་བརྒྱག་དགོས་ཤིང་། སྤྱི་སྤྱོད་རླངས་འཁོར་ལ་འདུག་མི་རུང་ངོ།།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།