སྒུལ་སྐྱོད་རླངས་འཁོར་ལ་གཞི་བསྒྱུར་ཐོ་འགོད་བྱ་དགོས་ན་རྒྱུ་ཆ་གང་དག་སྤྲོད་དགོས།

《སྒུལ་སྐྱོད་རླངས་འཁོར་ཐོ་འགོད་གཏན་ཁེལ》གྱི་དོན་ཚན11པ་ལྟར། གཞི་བསྒྱུར་ཐོ་འགོད་བྱེད་པར་རེ་འདུན་ཞུ་བར། སྒུལ་སྐྱོད་རླངས་འཁོར་གྱི་བདག་པོས་རེ་འདུན་རེའུ་མིག་བསྐང་བ་དང་། སྒུལ་སྐྱོད་རླངས་འཁོར་ལ་ཞིབ་བཤེར་ཚད་ལེན་བྱ་དགོས་པར་མ་ཟད། ད་དུང་གཤམ་གསལ་གྱི་དཔང་ཡིག་དང་འཛིན་ཡིག་ཀྱང་སྤྲོད་དགོས་ཏེ། (གཅིག)སྒུལ་སྐྱོད་རླངས་འཁོར་གྱི་བདག་པོའི་ཐོབ་ཐང་དཔང་ཡིག (གཉིས)སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་འཛིན་ཡིག (གསུམ)སྒུལ་སྐྱོད་རླངས་འཁོར་གྱི་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག (བཞི)ཤེད་སྒུལ་འཕྲུལ་ཆས་དང་། རླངས་འཁོར་གྱི་ཕྱི་ཤུན། རླངས་འཁོར་གྱི་ཕྱི་སྒྲོམ་བརྗེ་བའི་རིགས་ལ། སྒུལ་སྐྱོད་རླངས་འཁོར་གྱི་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་གྱི་ཚད་མཐུན་དཔང་ཡིག་ཀྱང་སྤྲོད་དགོས། (ལྔ)སྤུས་ཀའི་གནད་དོན་གྱིས་རླངས་འཁོར་ཧྲིལ་བོ་བརྗེ་བའི་རིགས་ཀྱིས། ད་དུང་སྒུལ་སྐྱོད་རླངས་འཁོར་བདེ་འཇགས་ལག་རྩལ་ཞིབ་བཤེར་ཚད་ལེན་གྱི་ཚད་མཐུན་དཔང་ཡིག་ཀྱང་སྤྲོད་དགོས། འོན་ཀྱང་རྒྱལ་འགག(海关)ནས་ནང་འདྲེན་བྱས་པའི་སྒུལ་སྐྱོད་རླངས་འཁོར་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་སྒུལ་སྐྱོད་རླངས་འཁོར་ཐོན་རྫས་གཙོ་གཉེར་སྡེ་ཁག་གིས་བདེ་འཇགས་ལག་རྩལ་ཞིབ་བཤེར་བྱ་མི་དགོས་པ་རྣམས་དེ་ལས་ཕུད་པ་ཡིན།

རླངས་འཁོར་དོ་དམ་སའོ་ཡིས་དང་ལེན་བྱས་པའི་ཉིན་གཅིག་གི་ནང་། སྒུལ་སྐྱོད་རླངས་འཁོར་ལ་ངོས་འཛིན་དང་། ཡར་སྤྲད་པའི་དཔང་ཡིག་དང་འཛིན་ཡིག་ལ་ཞིབ་བཤེར་བྱེད་པ། སྒུལ་སྐྱོད་རླངས་འཁོར་གྱི་ཐོ་འགོད་དཔང་ཡིག་སྟེང་གཞི་བསྒྱུར་བྱས་པ་གསལ་བཤད་བྱེད་པ། བགྲོད་སྐྱོད་བྱེད་ཆོག་པའི་དཔང་ཡིག་ཕྱིར་སྡུད་ལེན་བཅས་བྱས་ཏེ་ཡང་བསྐྱར་བགྲོད་སྐྱོད་བྱེད་ཆོག་པའི་འཛིན་ཡིག་སྟེར་བར་བྱ་དགོས།

རླངས་འཁོར་དོ་དམ་སྡེ་ཁག་གིས་གཏན་ཁེལ་འདིའི་དོན་ཚན་དང་པོའི་ཚན་པ(གསུམ)པ་དང་། ཚན་པ(བཞི)བ། ཚན་པ(དྲུག)པའི་གཏན་ཁེལ་གྱི་གཞི་བསྒྱུར་ཐོ་འགོད་བྱེད་པ་ལ། རླངས་འཁོར་དབྱེ་འབྱེད་ཀྱི་ཚབ་རྟགས་འབྱར་འགྱིག་སྟེང་དཔར་བར་ཞིབ་བསྡུར་བྱ་དགོས།