རླངས་འཁོར་རིགས་གང་དག་ཐོ་འགོད་བྱས་རྗེས་ད་གཟོད་ལམ་དུ་བསྐོར་ཆོག་པ་ཡིན།

རླངས་འཁོར་ལ་སྒུལ་སྐྱོད་རླངས་འཁོར་དང་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རིགས་གཉིས་ཡོད། 《བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན8པའི་གཏན་ཁེལ་ལྟར་ན། རྒྱལ་ཁབ་ཀྱིས་སྒུལ་སྐྱོད་རླངས་འཁོར་ལ་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད། སྒུལ་སྐྱོད་རླངས་འཁོར་དེ་སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་དེ་དམ་སྡེ་ཁག་ནས་ཐོ་འགོད་བྱས་རྗེས། ད་གཟོད་བགྲོད་ལམ་དུ་བསྐྱོད་ཆོག་པ་ཡིན། ཐོ་འགོད་བྱས་མེད་པའི་སྒུལ་སྐྱོད་རླངས་འཁོར་དེ། གནས་སྐབས་སུ་ལམ་དུ་བསྐྱོད་དགོས་པ་བྱུང་ན། གནས་སྐབས་ཙམ་དུ་བགྲོད་ལམ་དུ་བསྐྱོད་ཆོག་པའི་འཛིན་ཡིག་ལེན་དགོས། སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རིགས་ལ་ཐོ་འགོད་བྱ་དགོས་པའི་ངེས་པ་མེད། ཁྲིམས་ལྟར་ཐོ་འགོད་བྱ་དགོས་པའི་སྒུལ་སྐྱོད་རླངས་འཁོར་མ་ཡིན་པ་དེ། སྤྱི་བདེ་ལས་ཁུངས་ཀྱི་འགྲིམ་འགྲུལ་སྡེ་ཁག་ནས་ཐོ་འགོད་བྱས་རྗེས། ད་གཟོད་བྒྲོད་ལམ་དུ་བསྐྱོད་ཆོག་པ་ཡིན། ཁྲིམས་ལྟ་ཐོ་འགོད་བྱ་དགོས་པའི་སྒུལ་སྐྱོད་རླངས་འཁོར་མ་ཡིན་པའི་རིགས་གང་ཡིན་པ་དེ། ཞིང་ཆེན་དང་། རང་སྐྱོང་ཁུལ། ཐད་གཏོགས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་དེའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་གཏན་ཁེལ་བྱ་དགོས། དཔེར་ན། པེ་ཅིན་གྲོང་ཁྱེར་ལ་མཚོན་ན། གློག་སྒུལ་ལྕགས་རྟ་དང་། མིས་འདྲུད་འཁོར་ལོ་གསུམ་ཅན། དབང་བོ་སྐྱོན་ཅན་གྱི་སྒུལ་སྐྱོད་ཁྲིའུ་འཁོར་སོགས། ངེས་པར་དུ་སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་སྡེ་ཁག་ནས་ཐོ་འགོད་བྱས་ཏེ། འཛིན་ཡིག་གི་ཨང་རྟགས་བླངས་རྗེས་ལམ་དུ་བསྐྱོད་ཆོག་པ་ལྟ་བུའོ།