སྟོན་དུས་ཀྱི་མདོ་ལ་རི་བོའི་གསེར་མདོག་གི་ཡུལ་ལྗོངས།

 རྫོགས་ལྡན་གྱི་སྟོན་དུས་འདིར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་གི་མངའ་ཁོངས་སུ་ཚོན་མདོག་རྣམ་པར་བཀྲ་ཞིང་ལྟ་ན་སྡུག་པ་ཞིག་རེད། མ་བཅོས་ལྷུན་གྱིས་གྲུབ་པའི་གསེར་མདོག་གི་ཡུལ་ལྗོངས་འདིར། གངས་རི་དང་རྩྭ་ཐང་། ནགས་ཚལ་བཅས་གཅིག་ལ་གཅིག་བརྟེན་གྱིས་ཕན་ཚུན་རྣམ་པར་བརྒྱན་ཡོད།