ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ལེན་སྟངས་སྔར་ལས་སྟབས་བདེར་བཟོས་པ།

གསར་འགོད་པས་ཞིང་ཆེན་སྤྱི་བདེ་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་གིས་མང་ཚོགས་ལ་སྤུས་ལེགས་དང་། ནུས་ཆེ། སྟབས་བདེ་བཅས་ཀྱི་ཞབས་འདེགས་ཞུ་བའི་དམིགས་ཡུལ་ལྟར། ལག་རྩལ་སྒྲིག་འཛུགས་ཐོག“མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་སྟབས་བདེ་ཅན་གྱི་ཕབ་ལེན་དོ་དམ་སྟེགས་བུ”གསར་སྤེལ་བྱས་ཏེ། ཞིང་ཆེན་གཞན་གྱི་སྡོད་དམངས་ཀྱིས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་པར་ལེན་ཁང་ངམ་སྒེར་ནས་བླངས་ཆོག་པའི་ཞབས་ཞུ་མངོན་འགྱུར་བྱུང་ཞིང་། ཞིང་ཆེན་གཞན་དུ་ཐོབ་ཐང་ལག་ཁྱེར་ལེན་པའི་སྡོད་དམངས་ལ་སྔར་ལས་སྟབས་བདེ་བཟོས་པ་རེད།

སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ཡིན་ན། དེ་སྔའི་མངགས་གཏོང་ཁང་ནས་བླངས་པའི་ཐོབ་ཐང་ལག་ཁྱེར་འདྲ་པར་གྱི་རྨང་གཞིའི་སྟེང་། མང་ཚོགས་ཀྱིས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ཐད་བཏོན་པའི་རེ་བ་སྐོང་ཆེད་མཁོ་འདོན་བྱས་པའི་འདྲ་པར་ལེན་སྟངས་གཞན་ཞིག་ཡིན། མ་ལག་དེས་པར་ལེན་ཁང་ངམ་སྒེར་ནས་བླངས་པའི་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་དྲ་སྦྲེལ་ར་སྤྲོད་འཕྲིན་སྟེགས་བརྒྱུད་ནས་ཚད་མཐུན་འདྲ་པར་དག་སྤྱི་བདེ་ལས་ཁུངས་ཀྱི་དྲ་ཐོག་ཏུ་བསྐུར་ངེས། གཞན་མང་ཚོགས་ཀྱིས་ཐོབ་ཐང་ལག་ཁྱེར་ལེན་སྐབས་མངགས་གཏོང་ཁང་གིས་བླངས་པའི་རིན་མེད་འདྲ་པར་དང། སྒེར་རམ་པར་ལེན་ཁང་སོགས་ནས་བླངས་པའི་འདྲ་པར་གང་རུང་གདམ་ཆོག ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་སྤུས་ཚད་ཞིབ་བཤེར་ལྟེ་གནས་ཀྱི་དྲ་ཚིགསwww.rzzx.com.cnསྟེང་འདྲ་པར་བསྐུར་པའམ《མཚོ་སྔོན་ཞིང་ཆེན་གྱི་སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་ར་སྤྲོད་ཡི་གེ》བསྐྱར་དཔར་བཟུང་ནས་མངགས་གཏོང་ཁང་དུ་ཐོབ་ཐང་ལག་ཁྱེར་སྒྲུབ་ཆོག

མིག་སྔར། ཞིང་ཆེན་ནང་ཁུལ་གྱི་མང་ཚོགས་ཁྲི3ལྷག་གིས་སྤྱི་ཚོགས་ཀྱི་ཆ་འཕྲིན་འཚོལ་སྡུད་ལ་བརྟེན་ནས་སྡོད་དམངས་ཀྱི་ཐོབ་ཐང་ལག་ཁྱེར་བླངས་པ་རེད། བྱེད་ཐབས་འདི་བཏོན་པ་ལས་རང་ཞིང་དུ་སྡོད་པའི་ཞིང་ཆེན་གཞན་གྱི་ཁྱིམ་ཐོ་ཡིན་པའི་མི་རྣམས་ཀྱིས་མངགས་གཏོང་ཁང་དུ་རིན་མེད་འདྲ་པར་བླངས་ཆོག་པ་མ་ཟད། པར་ལེན་ཁང་ངམ་སྒེར་ནས་ཀྱང་བླངས་ཆོག་པ་སོགས་གདམ་གསེས་ཅན་དུ་བསྒྱུར་ཡོད་པ་དང་། ལ། སྡོད་དམངས་ཐོབ་ཐང་ལག་ཁྱེར་གྱི་འདྲ་པར་སྔར་ལས་མཛེས་པ་དང་གཉེར་སྟངས་སྔར་ལས་སྟབས་བདེ་རུ་ཕྱིན་ཡོད་པས། བྱེད་ཐབས་སྔར་ལས་ཆ་ཚང་ལ་ཞབས་ཞུའི་ཕན་འབྲས་སྔར་ལས་མངོན་གསལ་ཡིན་པའི་དམིགས་ཚད་མངོན་འགྱུར་བྱུང་ཡོད་དོ།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།