མཚོ་སྔོན་སྨན་ལས་ཚད་ཡོད་ཀུང་སིས་ལས་མི་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་སྨན་ལས་ཚད་ཡོད་ཀུང་སི(མཚོ་སྔོན་སྨན་ལས་བཟོ་གྲྭ)ནི1958ལོར་བཙུགས་ཤིང་། རྒྱལ་ནང་གི་རྒྱལ་སྨན་རིགས་ཀྱི་སྨན་རྫས་དོ་དམ་ཚོད་འཛིན་ཐོན་སྐྱེད་རྟེན་གཞི་ཡིན་པ་དང་། ད་ལྟ་སྡེ་ཁག་སོ་སོའི་མི་བཀོལ་དགོས་མཁོ་ལྟར་ལས་མི་བསྡུ་རྒྱུ་ཡིན་པ་གཤམ་གསལ་ལྟར།

1.སྒྲིག་ཆས་དོ་དམ་པ་སྐྱེས་པ3བསྡུ་རྒྱུ་སྟེ། རང་འགུལ་ཅན་གྱི་ལག་རྩལ་འཕྲུལ་ཆས་ལ་འབྲེལ་བའི་ཆེད་ལས་ཡིན་དགོས་ཤིང་། ཆེད་སྦྱོང་ཚན་ཁག་ཡན་གྱི་ཡོན་ཚད་ཡོད་དགོས་ལ། འཕྲུལ་ཆས་དང་འབྲེལ་བའི་ལས་ཀའི་ཉམས་མྱོང་ཡོད་དགོས།

གླ་ཕོགས། སྒོར4000ནས་སྒོར5000ཡིན། འགན་བཅོལ་ལྔ་དང་སྡོད་ཁང་སྤྱི་གསོག་མ་དངུལ། གཟའ་མཇུག་ངལ་གསོ་དང་། དྲོད་གཏོང་གྲོན་དངུལ། དུས་ཆེན་ངལ་གསོ་སོགས་ཡོད།

2ལག་རྩལ་གསོག་འཇོག་ཆེད་ལས་པ་སྐྱེས་པ2བསྡུ་རྒྱུ་སྟེ། སྨན་རྫས་རིག་པ་དང་རྫས་འགྱུར་གྱི་འབྲེལ་ཡོད་ཆེད་ལས་ཡིན་དགོས་ཤིང་། ཆེད་སྦྱོང་ཚན་ཁག་ཡན་གྱི་ཡོན་ཚད་དགོས་པ་མ་ཟད། རྫས་འགྱུར་བཟོ་གྲྭའམ་སྨན་རྫས་བཟོ་གྲྭའི་ལས་ལ་ཉམས་མྱོང་ཡོད་དགོས།

གླ་ཕོགས། སྒོར4000ནས་སྒོར5000ཡིན། འགན་བཅོལ་ལྔ་དང་སྡོད་ཁང་སྤྱི་གསོག་མ་དངུལ། གཟའ་མཇུག་ངལ་གསོ་དང་། དྲོད་གཏོང་གྲོན་དངུལ། དུས་ཆེན་ངལ་གསོ་སོགས་ཡོད།

3.རྫས་འགྱུར་བརྟག་ཞིབ་པ1བསྡུ་རྒྱུ་སྟེ། སྨན་རྫས་དབྱེ་ཞིབ་ཀྱི་འབྲེལ་ཡོད་ཆེད་ལས་དང་དངོས་གཞི་ཡན་གྱི་ཡོན་ཚད་དགོས་པ་མ་ཟད། ལོ་གཅིག་གི་རྫས་འགྱུར་བརྟག་ཞིབ་ཀྱི་ལས་གནས་སུ་ལས་ཀ་གཉེར་མྱོང་བ་ཡིན་དགོས།

གླ་ཕོགས། སྒོར4000ནས་སྒོར5000ཡིན། འགན་བཅོལ་ལྔ་དང་སྡོད་ཁང་སྤྱི་གསོག་མ་དངུལ། གཟའ་མཇུག་ངལ་གསོ་དང་། དྲོད་གཏོང་གྲོན་དངུལ། དུས་ཆེན་ངལ་གསོ་སོགས་ཡོད།

4.བཀོལ་སྤྱོད་ལས་བཟོ་པ3བསྡུ་རྒྱུ་སྟེ། ལོ35མན་གྱི་སྐྱེས་པ་ཡིན་དགོས། འབྲིང་རིམ་ཆེད་ལས་སློབ་གྲྭ་ཡན་གྱི་ཡོན་ཚད་དགོས།

གླ་ཕོགས། སྒོར3000ནས་སྒོར5000ཡིན། འགན་བཅོལ་ལྔ་དང་སྡོད་ཁང་སྤྱི་གསོག་མ་དངུལ། གཟའ་མཇུག་ངལ་གསོ་དང་། དྲོད་གཏོང་གྲོན་དངུལ། དུས་ཆེན་ངལ་གསོ་སོགས་ཡོད།

ས་གནས། ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་ཆི་ལེན་ལམ་ཨང469པ།

བློ་འདྲི་ཁ་པར།

0971-4327300དང15110901006(གཟའ་ཟླ་བ་ནས་གཟའ་པ་སངས་བར་རྒྱུན་ལྡན་གྱི་ལས་ཀའི་དུས་ཚོད་ནང་མིང་ཐོ་འགོད་དགོས།)

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།