རང་ཞིང་གི་རིམས་ནད་གནས་ཚུལ་གསར་ཤོས།

དཔའ་ལུང་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

(ཨང75པ།)

2022ལོའི་ཟླ9པའི་ཚེས26ཉིན་གྱི་ཐོ་རེངས་སུ། དཔའ་ལུང་རྫོང་གི་གཅིག་སྡུད་ལོགས་བཀར་བྱ་ཡུལ་དུ་པྲོག་གསར་གློ་ཚད་ནད་རྟགས་གདགས་གཤིས་ཅན3ཤེས་རྟོགས་བྱུང་ཞིང་། དེ་མ་ཐག་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན།འབྲེལ་འདྲིས་དམ་ཟབ་ཅན་དག་ལ་དུས་ཐོག་ཏུ་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱས་ཡོད།

རྒྱ་ཆེའི་མང་ཚོགས་ཀྱིས་མུ་མཐུད་དུ་རིམས་འགོག་བླང་བྱ་བརྩི་སྲུང་ནན་མོ་དང་རིམས་འགོག་དོ་དམ་ལ་གཞོགས་འདེགས་བྱས་ཏེ། དོན་མེད་དུ་ཕྱིར་མི་འགྲོ་ཞིང་འདུ་འཛོམས་མི་བྱེད་པ། དཀྲོག་གཏམ་ལ་མི་ཉན་པ། དཀྲོག་གཏམ་མི་བཤད་པར་ཁ་ལག་གཙང་མར་བཀྲུ་ཞིང་། རླུང་རྒྱུ་རུ་འཇུག་པ། སྨི་གཅིག་གི་བར་ཐག་བཞག་ནས་རང་ཉིད་ཀྱི་འགོག་སྲུང་ལེགས་པོར་བྱེད་དགོས། ཚན་རིག་དང་མཐུན་པར་ཁ་ཐུམ་རྒྱག་པ་དང་དྲོད་འཇལ་ཨང་བཤེར་སོགས་ཀྱི་འགོག་སྲུང་རེ་བ་ལག་བསྟར་བཟང་བོ་བྱས་ཏེ། བདེ་འཇགས་ཀྱི་བར་ཐག་འཇོག་པ་རྒྱུན་འཁྱོངས་བྱེད་པ་དང་། གལ་སྲིད་ཚ་རྒྱས་པ་དང་ལུ་བ། མིད་པ་ན་བ། ཟུངས་ཟད་པ། སྣ་དབང་ཉམས་པ། ཕོ་བ་བཤལ་བ་སོགས་ཀྱི་ནད་རྟགས་བྱུང་ཚེ། དུས་ཐོག་ཏུ་ཁ་ཐུམ་བརྒྱབ་ནས་ཚ་བརྟག་སྨན་ཁང་དུ་ཕྱིན་ཏེ་སྨན་བཅོས་བྱ་དགོས།

དཔའ་ལུང་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས26ཉིན།


གཞོང་ཐང་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།

(ཨང46པ།)

2022ལོའི་ཟླ9པའི་ཚེས25ཉིན་གྱི་ཆུ་ཚོད0ནས24བར། གཞོང་ཐང་རྫོང་དུ་པྲོག་གསར་གློ་ཚད་ནད་རྟགས་གདགས་གཤིས་ཅན9བྱུང་ཞིང་། ཚང་མ་གཅིག་བསྡུས་ལོགས་བཀར་དོ་དམ་མི་ཚོགས་ཁྲོད་ནས་ཤེས་རྟོགས་བྱུང་། ད་ལྟ་གནས་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན།

གཞོང་ཐང་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས26ཉིན།

ཡ་རྫི་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།〔2022〕ཨང50པ།

ཟླ9པའི་ཚེས26ཉིན། ཡ་རྫི་རྫོང་གི་མཁར་ཁུལ་གཙོ་བོའི་གྲོང་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་མཇུག་འབྲས་ཚང་མ་སྲིབ་གཤིས་རེད།

ཡ་རྫི་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས27ཉིན།


དཔའ་ལུང་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང77པ)

2022ལོའི་ཟླ9པའི་ཚེས27ཉིན་གྱི་ཆུ་ཚོད0དང་སྐར་མ27སྟེང་། མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་དུ་པྲོག་གསར་གློ་ཚད་ནད་རྟགས་གདགས་གཤིས་ཅན1བྱུང་ཞིང་། གཅིག་བསྡུས་ལོགས་བཀར་དོ་དམ་ཚོད་འཛིན་མི་ཚོགས་ཁྲོད་ནས་ཤེས་རྟོགས་བྱུང་། ད་ལྟ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན།

དཔའ་ལུང་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས27ཉིན།