མང་རྫོང་གིས་ཐབས་མང་སྤྱད་ནས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གསར་གཏོད་ཐོག་འཕེལ་རྒྱས་བཏང་།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། གྲོང་ཚོའི་ཐུན་མོང་དཔལ་འབྱོར་གྱི་སྤྱི་འབོར་འཕར་བར་སྐུལ་འདེད་གཏོང་བར། ཐོན་ལས་གསལ་པ་དང་འཕེལ་རྒྱས་ཀྱི་མདུན་ལམ་ལེགས་པ། ཡོང་འབབ་ཡོང་ཁུངས་བརྟན་པ་བཅས་ཀྱི་ཐུན་མོང་དཔལ་འབྱོར་དཔེ་སྟོན་གྲོང་ཚོ་ཁག་ཅིག་གཅིག་སྡུད་ཐོག་གཏོད་པའི་ཆེད་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་རྫོང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་བརྒྱུད་དེ། བྱེད་ཐབས་མང་མཉམ་སྤྱོད་ཀྱིས་གྲོང་ཚོའི་ཐུན་མོང་དཔལ་འབྱོར་གསར་གཏོད་ཐོག་འཕེལ་རྒྱས་བཏང་།

མང་རྫོང་གིས་གྲོང་གསེབ་དར་སྤེལ་ལ་ཞབས་འདེགས་ཞུ་བ་ཁྲིད་སྟོན་དུ་བྱས་ཏེ། གཙོ་གནད་གྲོང་ཚོ33དུ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་དང་ལས་དོན་པ་བཅས་མི99མངགས་ནས་ལས་སྒོར་སློབ་སྟོན་བྱས་པ་དང་། འདེམ་གསེས་སློབ་མ9དང་གྲོང་གསེབ་དར་སྤེལ་ཁྲིད་སྟོན་པ40ཤང་གྲོང་དུ་མངགས་ཏེ། གཞི་རིམ་གྱི་ལས་དོན་སྟོབས་ཤུགས་ཆེ་རུ་བཏང་བ་དང་། ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་བཅས་བཏང་ནསགྲོང་གསེབ་དར་སྤེལ་གྱི་ལས་དོན་ཁག་ལ་སྐུལ་འདེད་བཏང་།

དེ་དང་ཆབས་ཅིག་ཏུ། རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་འགན་ནུས་དང་འགན་འཁྲི་ཟུང་འབྲེལ་བྱས་ཏེ། ཚན་ཁག་འཛུགས་སྐྱོང་དང་། འཕེལ་རྒྱས་འཆར་འགོད། ཤེས་ལྡན་པ་གསོ་སྦྱོང་། མ་དངུལ་རྒྱབ་སྐྱོར་སོགས་ཀྱི་ཐད་འབྲེལ་གཏུག་བྱ་ཡུལ་གྱི་ཐུན་མོང་དཔལ་འབྱོར་ལས་གཞི་ལ་རོགས་སྐྱོར་དང་ཁྲིད་སྟོན། ཞིང་ལས་ཀྱི་རྟེན་གཞི་དང་འབྲོག་ལས་ཐོན་རྫས་ཀྱི་ལས་སྣོན་ལས་གཞི་གཉེར་བ་བཅས་ལ། གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་གྱི་ཡོང་འབབ་ཡོང་ཁུངས་བརྟན་པོ་ཞིག་ཆགས་པར་བྱས་ཡོད། གཞི་རིམ་ཏང་འཛུགས་སྐྱོང་ལ་ལྟ་སྦྱོང་དང་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་ཁྱབ་གདལ་གཏོང་བ་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཡུལ་ཚོ་དང་གྲོང་རྡལ། གྲོང་ཚོ་སོ་སོར་སློབ་སྦྱོང་བརྗེ་རེས་ཀྱི་ལས་སྟེགས་མཁོ་འདོན་བྱས་ཤིང། སྟོབས་ཆེན་གྲོང་ཚོས་ཉམས་ཞན་གྲོང་ཚོའི་སྣེ་ཁྲིད་དེ་ཐུན་མོང་ཐོག་འཕེལ་རྒྱས་སྟོབས་ཆེར་འགྲོ་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།