2022ལོའི་མཚོ་སྔོན་ཚགས་པར་ལས་རིགས་དྲ་ཚོང་ཟོག་འགྲེམས་ཚད་ཡོད་ཀུང་སིས་ལས་མི་བསྡུ་བའི་བརྡ་སྦྱོར།

མཚོ་སྔོན་ཚགས་པར་ལས་རིགས་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཚད་ཡོད་ཀུང་སི་ནི་ཞིང་ཆེན་རིག་གནས་སྒྱུར་བཅོས་གཞུང་དོན་ཁང་གི་ཆོག་མཆན་ཐོབ་ནས་བཙུགས་པའི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཞུང་ཁོངས་མ་རྩ་ཁེར་འཇོག་ཁེ་ལས་ཤིག་ཡིན་པ་དང་། ལས་ཀའི་དགོས་མཁོའི་དབང་གིས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་ལས་བྱེད་པ་བསྡུ་རྒྱུ་ཡིན།

བསྡུ་བྱའི་ལས་རྐང་།

གཞུང་ལས་ཁང་གི་ཡིག་མཁན1དང་། རྣམ་གྲངས་ཡིག་མཁན1། རྩིས་གཉེར་པ1། དངུལ་གཉེར་པ1། ཁུལ་དང་རྫོང་གི་རྣམ་གྲངས་པུའུ་ལ་མི3། ཁྲོམ་རའི་ཁྱབ་གདལ་གཏོང་མཁན4། དྲ་ཚོང་གཉེར་སྐྱོང་གི་གཙོ་འགན་པ1། ཏང་གི་ཚགས་པར་སྒྲུབ་མཁན5བཅས་བསྡུ་རྒྱུ་རེད།

མིང་ཐོ་འགོད་སྟངས།

1.དྲ་ཐོག་ནས་མིང་ཐོ་འགོད་དགོས་ལ། མིང་ཐོ་འགོད་པའི་དུས་ཚོད་ནི། 2022ལོའི་ཟླ9པའི་ཚེས22ཉིན་ནས་ཟླ9པའི་ཚེས30ཉིན་བར(མིང་ཐོ་བཀོད་པའི་གནས་ཚུལ་ལྟར་ཕྱི་འགྱངས་བྱས་ཆོག)ཡིན།

2.མིང་ཐོ་འགོད་སའི་སྟེགས་བུ། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཞུང་ཕྱོགས་དྲ་བའི་ཚོང་དོན་གྱི་ལས་སྟེགས(青报商城)ཡིན།

1.ཡིག་རྒྱུགས།

ཡིག་རྒྱུགས་ཀྱི་ནང་དོན་ནི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་དང་། མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ། རྩོམ་རིག་གི་རྨང་གཞིའི་ཤེས་བྱ་བཅས་རེད།

2.ཁ་རྒྱུགས།

ལས་སྒོ་དང་འབྲེལ་བའི་ཤེས་བྱ་དང་། ནུས་རྩལ་སྐོར་གྱི་དྲི་བ་དྲིས་ལན། མི་སྒེར་གྱི་ཐུན་མིན་ཁྱད་ཆོས་ལ་ལྟ་བ་གསུམ་ཟུང་དུ་འབྲེལ་ནས་ཁ་རྒྱུགས་ལེན་རྒྱུ།

3.ཡིག་རྒྱུགས་ལེན་པའི་དུས་ཚོད་ནི་ཟླ10པའི་ཟླ་དཀྱིལ་དུ་གཏན་འཁེལ་བྱས་ཡོད་ལ། ཞིབ་ཕྲའི་དུས་ཚོད་བཀོད་སྒྲིག་ལྟར་ལོགས་སུ་བརྡ་ཐོ་གཏང་རྒྱུ།

4.ས་གནས། འབྲི་ཆུའི་ལམ་ཨང5པའི་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ནུབ་ཕྱོགས་ཀྱི་ཐོག་བརྩེགས་དྲུག་པ་ཡིན།

གཤམ་གྱི་ཟུར་བཀོད་ཡིག་ཆ་སྟེ། མཚོ་སྔོན་ཚགས་པར་ལས་རིགས་དྲ་ཐོག་ཚོང་དོན་ཟོག་འགྲེམས་ཚད་ཡོད་ཀུང་སིའི2022ལོའི་ལས་བྱེད་པ་བསྡུ་བའི་ཐོ་འགོད་རེའུ་མིག་ཕབ་ལེན་བརྒྱུད། རྩ་གཉིས་ཨང་རྟགས་བཤེར་ནས་མིང་ཐོ་འགོད་དགོས།

ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།