རང་ཞིང་གི་ས་ཁུལ་འགའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གནས་ཚུལ།

མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང45པ)

ཟླ9པའི་ཚེས21ཉིན། དམར་གཙང་ཆུས་ཞའོ་ཞ་སྲང་ལམ་དང་རྨ་ཙོང་ཁུལ་གསར་གྱི་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་། ཁྱོན་བསྡོམས་ཉིང་སྐྱུར་མ་དཔེ23429འཚོལ་བསྡུ་བྱས་ཤིང་། བརྟག་འབྲས་ཚང་མ་སྲིབ་གཤིས་རེད།

ད་སྔའི་རིམས་ནད་འགོག་ཟོན་དུས་བབ་སྔར་བཞིན་ཛ་དྲག་དང་རྙོག་འཛིང་ཆེ་བས། གྲོང་མི་མང་ཚོགས་ཀྱིས་འགོག་སྲུང་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་རིམས་ནད་འགོག་ཟོན་བྱ་བར་རང་འགུལ་ངང་གཞོགས་འདེགས་ཧུར་ཐག་བྱ་རྒྱུ་གལ།

མཚོ་ཤར་གྲོང་ཁྱེར་དམར་གཙང་ཆུས་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས22ཉིན།

ཧོར་གྲོང་རྫོང་གི་ཝུའུ་ཧྥུང་དང་ཀའོ་ཀྲའེ་སོགས་ཡུལ་ཚོ་དང་གྲོང་རྡལ་བདུན(སྲང་ལམ)གྱི་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པའི་བརྡ་ཁྱབ།

ད་སྔའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་རིམས་ནད་གནས་ཚུལ་ལ་གདོང་གཏད་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ནུས་ཤུགས་ཡོད་རྒུས་ཁག་ཁུར་བྱ་ཆེད། ཧོར་གྲོང་རྫོང་གིས2022ལོའི་ཟླ9པའི་ཚེས21ཉིན་ཝུའུ་ཧྥུང་གྲོང་རྡལ་དང་། ཅ་ཏིང་གྲོང་རྡལ། ཐའེ་ཙེ་ཡུལ་ཚོ། པ་ཀྲ་ཡུལ་ཚོ། ཧ་ལ་ཀྲི་ཀུག་ཡུལ་ཚོ། ཧུང་ཡ་ཙི་ཀུག་ཡུལ་ཚོ། ཀའོ་ཀྲའེ་ཁྲོམ་ལམ་བཅས་ཀྱི་མི་ཡོངས་ལ་ཉིང་སྐྱུར་ཞིབ་དཔྱད་བྱས་ཤིང་། ཁྱོན་བསྡོམས་མ་དཔེ76416འཚོལ་བསྡུ་བྱས་ནས་བརྟག་འབྲས་ཚང་མ་སྲིབ་གཤིས་རེད།

ཧོར་གྲོང་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས22ཉིན།

རྫ་སྟོད་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(2022ལོའི་ཨང28པ)

ཟླ9པའི་ཚེས21ཉིན། རྫ་སྟོད་རྫོང་དུ་གྲོང་ཁུལ་གཙོ་བོའི་མི་སྣ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་དང་། ཁྱོན་བསྡོམས་ཉིང་སྐྱུར་ཚད་ལེན་མ་དཔེ45996འཚོལ་བསྡུ་བྱས་ཤིང་། བརྟག་འབྲས་ཚང་མ་སྲིབ་གཤིས་ཡིན་པ་རེད།

རྫ་སྟོད་རྫོང་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས22ཉིན།

མང་འེ་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང43པ)

མང་འེ་གྲོང་ཁྱེར་དུ་ཟླ9པའི་ཚེས21ཉིན་ཧྭ་ཐུའུ་ཀོའུ་གྲོང་རྡལ་དང་། ལེང་ཧུའུ་གྲོང་རྡལ། མང་འེ་གྲོང་རྡལ་བཅས་སུ་མི་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་ཤིང་། བརྟག་འབྲས་ཚང་མ་སྲིབ་གཤིས་རེད།

མང་འེ་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས22ཉིན།

ལོ་ཙཱ་བ། ཀླུ་མོ།