ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ།(ཨང230པ)

རང་རེའི་དྲ་བའི་འཕྲིན།ཚེས21ཉིན་ཟི་ལིང་གྲོང་ཁྱེར་གྱི་མི་སྣ་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་མཇུག་འབྲས་ཚང་མ་སྲིབ་གཤིས་རེད།

ཟི་ལིང་གྲོང་ཁྱེར་གྱིས་ཟླ9བའི་ཚེས21ཉིན་གྲོང་ཁུལ་གཙོ་བོ(གསར་སྤེལ་ཁུལ་འདུས)དང་། ཧོང་ཀྲུང་ཆུས(སྟོད་པ་འདུས)། རྟ་ཐང་རྫོང་། སྟོང་སྐོར་རྫོང་བཅས་ཀྱི་རྫོང་མཁར་གྱི་གནས་ཡུལ་དང་གཙོ་གནད་མཁར་གྲོང་དང་སྲིད་གཞུང་གནས་ཡུལ་གྱིས་མི་སྣ་ཡོངས་ཀྱི་ཉིང་སྐྱུར་བརྟག་དཔྱད་ལས་དོན་སྤེལ་བ་དང་། བརྟག་དཔྱད་མཇུག་འབྲས་ཚང་མ་སྲིབ་གཤིས་རེད།

ཟི་ལིང་གྲོང་ཁྱེར་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9བའི་ཚེས22ཉིན།

ཤ་མོ་འཚོས་བསྒྱུར།