མཚོ་ནུབ་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བརྡ་ཁྱབ། (ཨང82པ)

2022ལོའི་ཟླ9པའི་ཚེས19ཉིན་གྱི་ཆུ་ཚོད0ནས24བར། མཚོ་ནུབ་ཁུལ་གཏེར་ལམ་རྫོང་དུ་ནད་རྟགས་མེད་པའི་ནད་འགོས་མཁན1ཤེས་རྟོགས་བྱུང་ཞིང་། བརྡ་ཁྱབ་ཨང79པའི་ནང་བསྒྲགས་པའི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ནས་སྐྱེལ་ཡོང་བའི་ས་མཚམས་བརྒལ་བའི་མི་སྣ་དང་མཉམ་དུ་ཡོང་མཁན་ཡིན་ལ། གཅིག་བསྡུས་ལོགས་བཀར་དོ་དམ་ཚོད་འཛིན་མི་སྣའི་ཁྲོད་ཤེས་རྟོགས་བྱུང་། ད་ལྟ་གཏན་ཁེལ་སྨན་ཁང་དུ་བསྐྱལ་ཟིན། 

མཚོ་ནུབ་ཁུལ་པྲོག་གསར་གློ་ཚད་རིམས་ནད་འགོག་ཟོན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།

2022ལོའི་ཟླ9པའི་ཚེས20ཉིན།