ལིའུ་ཐའོ་ཡིས་ཞིང་ཆེན་ཞིང་སའི་རྒྱུན་ལྡན་གྱི་ལྟ་རྟོག་ཕྱིར་ལྡོག་གནད་དོན་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་སྟེང་ནན་དུ་བསྟན་དོན།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9བའི་ཚེས15ཉིན། ཧྲིན་ཀྲང་ཟུར་པ་ལིའུ་ཐའོ་ཡིས་ཞིང་ཆེན་ཞིང་སའི་རྒྱུན་ལྡན་གྱི་ལྟ་རྟོག་ཕྱིར་ལྡོག་གནད་དོན་བཅོས་བསྒྱུར་བྱ་བའི་མགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་འཚོགས་ནས།  བྱ་བའི་འཕེལ་རྒྱས་གནས་ཚུལ་སྙན་ཞུ་བྱས་པ་དང་། ད་སྔའི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས།

ལིའུ་ཐའོ་ཡིས་འདི་སྐད། ན་ནིང་ནས་བཟུང་སྟེ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དམིགས་འབེན་ལས་འགན་ལ་དམ་པོར་དམིགས་ནས་རོགས་ལས་མཐུན་སྦྱོར་ལ་གཙོ་བོ་བྱས་ཏེ། བཀོད་སྒྲིག་དམ་འཛིན་བྱེད་པ་དང་། རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་དངོས་འབེབས་དམ་འཛིན་བྱེད་པ། བྱེད་ཐབས་ནུས་ལྡན་སྤྱད་ནས་ལེགས་བཅོས་དམ་འཛིན་བྱས་པས། ས་ཞིང་གི་རྒྱུན་ལྡན་གྱི་ལྟ་རྟོག་ཕྱིར་ལྡོག་གནད་དོན་བཅོས་བསྒྱུར་བྱ་བར་གྲུབ་འབྲས་འབུར་ཐོན་ཐོབ་པར་སྐུལ་འདེད་བཏང་། ཡིན་ཡང་གནད་དོན་གསར་བ་ཇེ་མང་དུ་འགྲོ་བ་དང་སྤུས་ཚད་གནད་དོན་ལེགས་བཅོས་བྱེད་པའི་མྱུར་ཚད་རྗེས་སུ་ལུས་པ། ལྟ་རྟོག་དོ་དམ་དང་བཅའ་ཁྲིམས་ལག་བསྟར་ལྷོད་ཡངས་ཡིན་པ་སོགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་ལ་གདོང་གཏད་ནས་བསྟུད་མར་འབད་འཐབ་བྱས་ཏེ། ནུས་པ་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་བཅོས་ཀྱི་ཕན་འབྲས་མཐོར་འདེགས་བྱས་ཡོད།

ལིའུ་ཐའོ་ཡིས་འདི་སྐད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨོ་ཞིང་སྲུང་སྐྱོབ་བྱ་བའི་སྐོར་གྱི་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་བྱེད་པ། མཐའ་གཅིག་ཏུ་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ཁུར་དུ་བྱས་ནས། ཤུགས་ཆེན་པོས་གནད་དོན་གྱི་ལེགས་བཅོས་བྱ་བ་དམ་འཛིན་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ཞིང་སའི་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཐུན་མོང་དོ་དམ་འགན་འཁྲི་དངོས་འབེབས་བྱེད་པ་དང་ཚང་མས་བརྒྱུད་རིམ་ཧྲིལ་བོར་ལྟ་རྟོག་དོ་དམ་བྱེད་པ། དོ་དམ་དང་བེད་སྤྱོད་ཟུང་འབྲེལ་གང་ལེགས་བྱས་ཏེ། བསྟུད་མར་ཞིང་སའི་དོ་དམ་ཆུ་ཚད་མཐོར་འདེགས་བྱེད་དགོས།

ཚོགས་འདུ་མ་འཚོགས་གོང་། ལིའུ་ཐའོ་ཟི་ལིང་གྲོང་ཁྱེར་རྟ་ཐང་ཧའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་མཚོ་ཤར་གྲོང་ཁྱེར་ཡ་རྫི་ཟ་ལར་རིགས་རང་སྐྱོང་རྫོང་བཅས་ལ་སོང་སྟེ། ཡུལ་དངོས་ནས2021ལོའི་རྨོ་ཞིང་ལ་སྲུང་སྐྱོབ་བྱེད་པའི་ལྟ་རྟོག་ཕྱིར་ལྡོག་བྱས་པའི་དམིགས་བསལ་གནད་དོན་ལེགས་བཅོས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས།

གཡང་སྐྱིད་ཀྱིས་བསྒྱུར།