ཏང་དར་ལྷབ་ལྷུབ་བསྐྱོད། སྣོད་བཅུད་ལྟ་ན་སྡུག །

ད་ལོ་ནས་བཟུང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་དང་ཏང་ཡོན་དཔུང་སྡེའི་སྟོབས་ཤུགས་ལ་ཤུགས་བསྣན་ཏེ། ཁོར་ཡུག་འཕྲོད་བསྟེན་དག་ཐེར་བྱ་བར་ཕྱོགས་ཡོངས་ནས་དམ་འཛིན་ནན་འཛིན་བྱས་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ལེགས་འཕེལ་རྒྱས་ལ་སྐུལ་རོགས་བྱས།

རྫོང་ཡོངས་ཀྱིས་ཁོར་ཡུག་འཕྲོད་བསྟེན་དག་ཐེར་དང་ར་སྐོར་གྱི་འཕྲོད་བསྟེན། ཡུལ་གྲོང་གི་སྲོལ་བཟང་དར་སྤེལ་བཅས་ཟུང་འབྲེལ་གྱི་སྒོ་ནས་“མཚན་ཐོ་དམར་ནག”གི་ཡུལ་སྲོལ་བཟང་པོ་བཙུགས་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་དང་འཚོ་བའི་གོམས་གཤིས་བཟང་པོ་ཆགས་པར་སྐུལ་འདེད་བཏང་བཏང་ནས་བྲག་དཀར་རྩྭ་ཐང་གི་སྐྱེ་ཁམས་མཉམ་སྲུང་བྱས།

ལོ་ཙཱ་བ། ཁོན་ཐར་འཚོ།