ལས་ཁུངས་མི་འདྲ་པ་གཉིས་ཀྱིས་མ་དངུལ་སྒོར་དུང་ཕྱུར2བསྡུ་རུབ་བྱས་ཏེ་གནོད་ཐེབས་ས་ཁུལ་ལ་ཐན་འགོག་མྱུར་སྐྱོབས་བྱ་རྒྱུ་ཡིན་པ།

གསར་འགོད་པས་ཚེས15ཉིན་ནོར་སྲིད་པུའུ་ནས་རྒྱུས་ལོན་པ་ལྟར་ན། ནོར་སྲིད་པུའུ་ཡིས་ཆུ་བེད་པུའུ་དང་མཉམ་དུ་ནན་ཏན་སྒོས་ཞིབ་འཇུག་བྱས་པ་བརྒྱུད། དུས་ལྟར་ས་ཁུལ་སོ་སོའི་ས་ཞིང་ལ་ཐན་སྐྱོན་གནོད་འཚེ་བྱུང་བའི་རྒྱ་ཁྱོན་དང་ཐན་སྐྱོན་གྱི་དབང་གིས་བཏུང་ཆུའི་དཀའ་ངལ་ལ་འཕྲད་པའི་མི་ཕྱུགས་ཀྱི་ཁ་གྲངས་སོགས་ཀྱི་གནས་ཚུལ་གཞིར་བཟུང་སྟེ། ཟླ8པའི་ཚེས12ཉིན་ཧི་པེ་དང་ཧྲན་ཞི། ནང་སོག ཧི་ནན། ཧྲན་ཞི། ཀན་སུའུ། ཉིང་ཞ། མཚོ་སྔོན་སོགས་ཞིང་ཆེན་དང་ལྗོངས8ལ་ཆུ་བེད་རྒུད་སྐྱོབས་ཀྱི་མ་དངུལ་སྒོར་དུང་ཕྱུར2གནང་ནས། གནོད་ཐེབས་ས་ཁུལ་གྱི་ཆུ་བེད་ཐན་འགོག་དང་རྒུད་སྐྱོབས་ལ་མཁོ་གལ་ཆེ་བའི་ཐན་འགོག་ཆུ་འགོ་གསར་སྐྲུན་ཐད་ལ་ཁ་གསབ་རོགས་དངུལ་བྱིན།

དེ་མིན་ནོར་སྲིད་པུའུ་དང་ཆུ་བེད་པུའུ་ཡིས་ཟླ8པའི་ཚེས12ཉིན་ལའོ་ཉིང་ཞིང་ཆེན་ལ་ཆུ་བེད་རྒུད་སྐྱོབས་མ་དངུལ་སྒོར་ཁྲི8000བྱིན་ནས་ལའོ་ཉིང་ཞིང་ཆེན་གྱིས་དྲག་ཆར་བབས་པའི་རྗེས་ཀྱི་ཆུ་ལོག་སྔོན་འགོག་དང་ཆུ་ལོག་གིས་གནོད་འཚེ་ཐེབས་པའི་བཟོ་སྐྲུན་སྒྲིག་ཆས་སླར་གསོ་སོགས་ཀྱི་འབྲེལ་ཡོད་བྱ་བ་ཡང་སྒྲུབ་ཡོད།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།