ཝུའུ་ཞའོ་ཅུན་གྱིས་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཁྲིན་ཡུན་དང་ཐུག་མཇལ་འཕྲད་བྱས་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8པའི་ཚེས3ཉིན་གྱི་ཕྱི་དྲོ།མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཟུར་པ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཁྲིན་ཡུན་དང་བཅས་པར་མཇལ་འཕྲད་བྱས།

ཝུའུ་ཞའོ་ཅོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཁྲིན་ཡུན་དང་བཅས་པར་དགའ་བསུ་བྱས། ཝུའུ་ཞའོ་ཅུན་གྱིས་ད་སྔར་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད་པ་དང་། ལག་ལེན་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་ཇུས་འགོད་གནང་བའི་འཆར་གཞི་དེ་གོམ་སྟབས་རེ་རེ་བཞིན་ལག་བསྟར་བྱེད་བཞིན་ཡོད། ཀྲུང་གོའི་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་ཟིས་ཕྱོགས་ཡོངས་དང་རིམ་པ་མང་བའི་སྒོ་ནས་རང་ཞིང་གི་རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་གསར་བ། སྐྱེ་ཁམས་སྲུང་སྐྱོང་། གྲོང་ཁྱེར་འཛུགས་སྐྲུན། རིག་གནས་ཡུལ་སྐོར། རིག་དངོས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མ་དངུལ་གཏོང་བ་དང་འཛུགས་སྐྲུན་བྱེད་པ། འཁོར་སྐྱོད་བཅས་ལ་ཞུགས་རོགས། ང་ཚོས་སྔར་རྒྱུན་བཞིན་སྲིད་ཇུས་ཀྱི་ཆ་རྐྱེན་དང་ནུས་ཆེའི་སྲིད་དོན་ཞབས་ཞུ་མཁོ་འདོན་བྱས་ནས་ཕྱོགས་གཉིས་པོས་མཉམ་ལས་གཏིང་ཟབ་ཏུ་གཏོང་ཆེད་ཁོར་ཡུག་བཟང་པོ་བསྐྲུན་དགོས་པ་བསྟན།

ཁྲིན་ཡུན་གྱིས་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་མདོར་བསྡུས་ཤིག་ངོ་སྤྲོད་བྱས་རྗེས་བཤད་རྒྱུར།ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་ཟིས་རང་སྟེང་གི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།མཚོ་སྔོན་ལ་རྐང་འཛུགས་པ་དང་མཚོ་སྔོན་དུ་དཀའ་སྤྱད་འབད་བརྩོན་བྱེད་པ།མཚོ་སྔོན་ལ་འདྲིས་པར་བྱས་ནས་ཕྱོགས་ཡོངས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་དགོས།

ཁྲིན་ཡུན་གྱིས་ཁེ་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་རྗེས་ཀྲུང་གོ་ལྕགས་ལམ་ཀུང་ཟིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་སྔོན་ལ་གཞི་ཚུགས་པ་དང་། མཚོ་སྔོན་དུ་དཀལ་སྤྱད་འབད་བརྩོན་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ནང་ཁྱོན་ཡོངས་ནས་ཞུགས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་མཉམ་ལས་གཉིས་ཁེ་ཡོང་རྒྱུར་འབད་བརྩོན་བྱ་དགོས་ཟེར།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།རྒྱུན་ལས་ཧྲིན་ཀྲང་ཟུར་པ་ཝང་ཝེ་ཏུང་མཉམ་དུ་མཇལ་འཕྲད་ལ་བྱས།

གཡང་སྐྱིད་ཀྱིས་བསྒྱུར།