ཀྲུང་དབྱང་སྐྱེལ་མ་ཚོགས་ཆུང་དང་དེ་བཞིན་ཀྲུང་དབྱང་ཚན་པའི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པ་མཚོ་སྔོན་དུ་ཐོན་པ།


མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས27ཉིན། ཀྲུང་དབྱང་སྐྱེལ་མ་ཚོགས་ཆུང་དང་དེ་བཞིན་ཀྲུང་དབྱང་ཚན་པའི་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པ་མཚོ་སྔོན་ལ་ཐོན། ཀྲུང་དབྱང་བསྐྱལ་བ་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་པུའུ་ཀྲང་ཟུར་པ་ཡུས་ཅ་ཏུང་སོགས་གནམ་གྲུ་གཅིག་ནང་ཐོན་བྱུང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཞིང་ཆེན་གཞོན་པ་ཝང་ཝེ་ཏུང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ཡའེ་ཞ་ཡིས་གནམ་གྲུ་ཐང་ནས་དགའ་བསུ་ཞུས།

རྒྱུས་ལོན་བྱུང་བ་ལྟར་ན། ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་འཇོན་མི371ད་སྔར་རང་ཞིང་དུ་ཐོན་ཡོད། དེའི་ནང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་མངག་གཏོང་བྱེད་པའི་མི61དང་། ཀྲུང་དབྱང་ཁེ་ལས་ཀྱིས་མངག་གཏོང་བྱེད་པའི་མི25། མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མི285འདེམས་གཏོང་བྱས་པ། ཞིང་ཆེན་ཐད་གཏོགས་ལས་ཁུངས48དང་གྲོང་ཁྱེར་དང་ཁུལ་སོ་སོར་མི323མངགས་ཡོད།

ཟླ7པའི་ཚེས29ཉིན་ནས་བཟུང་། མཚོ་སྔོན་རོགས་སྐྱོར་ལས་བྱེད་པའི་འཇོན་མི་ཁག་ལྔ་པས་དུས་ཡུན་ཉིན་ལྔའི་སློབ་སྦྱོང་དང་གསོ་སྦྱོང་དང་ལེན་བྱ་རྒྱུ་དང་ཆེད་དོན་འཆད་ཁྲིད་ཉན་པ་སོགས་ཀྱི་བྱེད་ཐབས་བརྒྱུད། བོད་ཀྱི་བྱ་བ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་དབྱང་གི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན། བོད་དང་འབྲེལ་བ་ཡོད་པའི་བྱ་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་སོགས་དང་མཚོ་སྔོན་གྱི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་། སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཞིང་ཆེན་དེའི་གནས་ཚུལ་དང་། སྤྱི་ཚོགས་ཀྱི་གནས་ཚུལ། མཚོ་སྔོན་གྱི་དུས་རབས་གསར་པར་ཏང་གི་མི་རིགས་བྱ་བ་སྒྲུབ་པ། མཚོ་སྔོན་དང་འབྲེལ་བ་ཡོད་པའི་བོད་དང་འབྲེལ་བ་ཡོད་པའི་དཔལ་འབྱོར་དང་འབྲེལ་བ་ཡོད་པའི་རྨང་གཞི། ཟླ8པའི་ཚེས3ཉིན་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པ་དང་འཇོན་མི་ཚང་མ་ལས་གནས་ཐོག་བསྐྱོད་དེ་མཚོ་སྐྱོར་གྱི་བྱ་བ་སོ་སོ་ནང་དངོས་སུ་ཞུགས་དགོས།

གཡང་སྐྱིད་ཀྱིས་བསྒྱུར།