ཟི་ལིང་གྲོང་ཁྱེར་རྒྱལ་ཁབ་ཀྱིས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་པའི་གཙོ་གནད་འབྲེལ་གཏུག་བྱེད་པའི་གྲོང་ཁྱེར་ནང་དུ་ཚུད་པ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཧུར་ཐག་སྒོས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་བསྟར་བྱེད་ཕྱིར།《རྒྱལ་ཁབ་ཀྱིས་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་པའི་དུས་ཡུན་རིང་འབྲིང་གི་འཆར་འགོད》ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁྱད་ཆོས་དང་མཚོན་བྱེད་རང་བཞིན་ལྡན་པའི་ས་ཁོངས་ཀྱིས་ཁྱབ་ཁོངས་མང་པོ་དང་ཕྱོགས་མང་པོའི་མ་ལག་གསར་གཏོད་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་བྱ་དགོས། གནད་གཅིག་གིས་ཁྱོན་ཡོངས་སྐུལ་ཁྲིད་བྱེད་པའི་དཔེ་སྟོན་དང་སྣེ་ཁྲིད་ཀྱི་ནུས་པ་ཆགས་པར་བྱ་དགོས། ཉེ་ཆར། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། དམངས་སྲིད་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས“གྲོང་ཁྱེར་གྱི་རང་འགུལ་རེ་ཞུ་དང་། ཞིང་ཆེན་རིམ་པའི་ཞིབ་བཤེར་འོས་སྦྱོར། རྒྱལ་ཁབ་ཀྱི་སྤྱི་འདོམས་བཀོད་སྒྲིག”བཅས་ཀྱི་གོ་རིམ་བརྒྱུད་ནས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་མི་འབོར་རྒན་རྒོན་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་འཇལ་རྒྱུའི་གཙོ་གནད་འབྲེལ་གཏུག་གྲོང་ཁྱེར61གཏན་འཁེལ་བྱས་ཡོད།ཟི་ལིང་གྲོང་ཁྱེར་རྒྱལ་ཁའི་ངང་ནང་ཚུད་ཡོད།