དེ་རིང་ནས་བཟུང་ཚྭ་ཁའི་ཚྭ་མཚོའི་ལྗོངས་གཟིགས་འགྲུལ་འཁོར་ཀྱི་རིན་པ་མེད་པར་བཟོས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས11ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལམ་རྫོང་ཚྭ་ཁའི་ཚྭ་མཚོའི་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཨུ་ཡོན་ལྷན་ཁང་གིས། 2022ལོའི་ཟླ7ཚེས12ཉིན་ནས་བཟུང་ཚྭ་ཁའི་ལྗོངས་རྒྱུ་བ་བསྡུ་འགྲེམ་ལྟེ་གནས་ཀྱིས་ཡུལ་སྐོར་ལྗོངས་གཟིགས་འགྲུལ་འཁོར་ལ་སྡོད་དགོས་ན་རིན་པ་སྒོར30སྤྲོད་དགོས་པ་དེ་མེད་པར་བཟོས་ཡོད་ཅེས་སྤྱི་བསྒྲགས་སྤེལ།

སྤྱི་བསྒྲགས་ནང་དུ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་གནས་འཛུགས་སྐྲུན་ལ་རམ་འདེགས་དང་།ཚྭ་ཁའི་ཚྭ་མཚོའི་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཕྱིའི་སྤུས་ཚད་སྔར་ལས་ཇེ་ལེགས། ཡུལ་སྐོར་ལས་རིགས་སྤུས་ལེགས་པའི་སྒོ་ནས་གོང་དུ་སྤེལ་བར་སྐུལ་འདེད་བཅས་བྱ་ཆེད། རྒྱ་ཆེའི་ཡུལ་སྐོར་ལྗོངས་རྒྱུ་བའི་རེ་འདུན་དང་ལྗོངས་ཁུལ་གྱི་འགག་གནད་ཐག་གཅོད་ཀྱི་དགོས་མཁོ་གཞིར་བཟུང་། 2022ལོའི་ཟླ7ཚེས12ཉིན་ནས་བཟུང་། ཚྭ་ཁའི་ལྗོངས་རྒྱུ་བ་བསྡུ་འགྲེམ་ལྟེ་གནས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ཡུལ་སྐོར་ལྗོངས་གཟིགས་རླངས་འཁོར་གྱི་རིན་པ་སྒོར30ཅན་དེ་མེད་པར་བཟོས་ཏེ། རྒྱ་ཆེའི་ཡུལ་སྐོར་བར་ཚད་ཆེན་པོ་ནས་སྟབས་བདེ་བསྐྲུན་ཡོད་ཅེས་བཀོད།

ཚྭ་ཁའི་ཚྭ་མཚོར་བསྐྱོད་པའི་རྐུབ་སྟེགས17ཡན་ཅན་གྱི་འགྲུལ་སྐྱེལ་རླངས་འཁོར་ཚྭ་ཁའི་ལྗོངས་རྒྱུ་བ་བསྡུ་འགྲེམ་ལྟེ་གནས་བརྒྱུད་ཐད་ཀར་ལྗོངས་ཁུལ་གྱི་རླངས་འཁོར་འཇོག་སར་བསྐྱོད་ཆོག་པ་དང་།  རྐུབ་སྟེགས7མན་ཅན་གྱི་རླངས་འཁོར་དུ་སྡོད་པའི་ཡུལ་སྐོར་བས་སྔར་བཞིན་དུ་རླངས་འཁོར་ཚྭ་ཁའི་ལྗོངས་རྒྱུ་བ་བསྡུ་འགྲེམ་ལྟེ་གནས་ཀྱི་རླངས་འཁོར་འཇོག་སར་བཞག་རྗེས། རིན་མེད་ངང་ཁོར་ཡུག་སྲུང་སྐྱོང་གི་ལྗོངས་གཟིགས་རླངས་འཁོར་བསྡད་དེ་ལྗོངས་ཁུལ་དུ་བསྐྱོད་ཆོག།

སྤྱི་བསྒྲགས་ནང་། ལྗོངས་ཁུལ་དང་འབྲེལ་ཡོད་ཞབས་ཕྱི་ལས་ཁུངས་སོ་སོས་རྒྱ་ཆེའི་ཡུལ་སྐོར་བར་སྣེ་འཁྲིད་བཟང་པོ་བྱས་ཏེ། མཉམ་དུ་ལྗོངས་ཁུལ་ཉེ་འཁོར་གྱི་རྩྭ་ཐང་དང་བརླན་ས། ཚྭ་མཚོ་བཅས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་ལྗོངས་ཁུལ་མཉམ་བསྐྲུན་ལ་ཤུགས་བསྣན་དགོས། རིམས་ནད་འགོག་ཟོན་བྱ་བར་བྱེད་པོའི་འགན་འཁྲི་ཁུར་དུ་བླངས་ཏེ། ས་གནས་དེའི་རིམས་གོག་སྲིད་ཇུས་ལག་བསྟར་ནན་མོ་དགོས་པ་དང་། ལྷག་པར་དུ་ཡུལ་སྐོར་བར་ལྗོངས་གཟིགས་ཀྱི་སྐབས་ལ་མི་སྒེར་གྱི་ལུས་པོ་བདག་སྐྱོང་དང་རིམས་འགོག་དོགས་ཟོན་ནན་མོ་བྱེད་དགོས་པའི་སྐོར་ནས་འཁྲིད་སྟོན་ལེགས་པོ་བྱས་ཏེ། ཞབས་ཕྱི་སྤུས་ཚད་སྔར་ལས་ལེགས་ཤིང་། ལས་རིགས་ཀྱི་ཀུན་སྤྱོད་བཟང་པོ་བརྟན་སྲུང་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བའི་ཁེ་ཕན་ལ་སྲུང་སྐྱོབ་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན་ཡོད་དོ། །

ལོ་ཙཱ་བ། ཁོན་ཐར་འཚོ།