ཁྲིམས་ཚན།

དང་པོ། ཁྲིམས་ཚན་གྱི་མཚན་ཉིད།

ཁྲིམས་ཚན་ནི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་ཡོད་ལ། ཁྲིམས་ལྟར་སྒེར་ཚུགས་ཀྱིས་དམངས་དོན་ཁེ་དབང་ལོངས་སྤྱོད་དང་དམངས་དོན་འོས་འགན་འཁུར་བའི་རྩ་འཛུགས་ལ་གོ

ཁྲིམས་ཚན་གྱི་དམངས་དོན་ཁེ་དབང་སྤྱོད་ནུས་དང་དམངས་དོན་བྱ་སྤྱོད་སྤེལ་ནུས་དེ་ཁྲིམས་ཚན་བཙུགས་པ་ནས་བྱུང་བ་ཡིན་ལ། ཁྲིམས་ཚན་མཚམས་བཞག་པ་ནས་མེད་པར་གྱུར་བ་ཡིན།

གཉིས་པ། ཁྲིམས་ཚན་གྱི་ཁྱད་ཆོས།

1.སྒེར་ཚུགས་ཀྱི་མིང་།

2.སྒེར་ཚུགས་ཀྱི་རྒྱུ་ནོར།

3.སྒེར་ཚུགས་ཀྱི་འགན་འཁྲི།

གསུམ་པ། ཁྲིམས་ཚན་གྱི་ཆ་རྐྱེན།

ཁྲིམས་ཚན་ལ་གཤམ་གྱི་ཆ་རྐྱེན་དག་ཚང་འོས།

1.ཁྲིམས་ལྟར་འཛུགས་པ།

2.དགོས་ངེས་ཀྱི་རྒྱུ་ནོར་རམ་འགྲོ་གྲོན་ཡོད་པ།

3.རང་ཉིད་ཀྱི་མིང་དང་རྩ་འཛུགས་སྡེ་ཁག་ར་བ་ཡོབ་པ།

4.་རང་རྐྱ་འཕེར་བའི་སྒོ་ནས་དམངས་དོན་འགན་འཁྲི་འཁུར་ཐུབ་པ།

བཞི་པ། ཁྲིམས་ཚན་གྱི་རིགས།

ཁྲིམས་ཚན་མི་འདྲ་བའི་ཚད་གཞི་ལྟར་གཤམ་གྱི་རིགས་དག་དགར་ཆོག

1.གཞུང་གི་ཁྲིམས་ཚན་དང་སྒེར་གྱི་ཁྲིམས་ཚན།

2.ཚོགས་པ་ཐུན་མོང་གི་ཁྲིམས་ཚན་དང་རྒྱུ་ནོར་ཐུན་མོང་གི་ཁྲིམས་ཚན།

ཚོགས་པ་ཐུན་མོང་གི་ཁྲིམས་ཚན་དང་རྒྱུ་ནོར་ཐུན་མོང་གི་ཁྲིམས་ཚན་ལ་གཤམ་གྱི་

ཁྱད་པར་འགའ་ཡོད།

(1) རྨང་གཞི་འཛུགས་ཚུལ་མི་འདྲ་བ།

(2) དམིགས་ཡུལ་མི་འདྲ་བ།

(3) གོ་རིམ་འཛུགས་ཚུལ་མི་འདྲ་བ།

(4) གོ་གནས་འཛུགས་མི་མི་འདྲ་བ།

3.ཁེ་ཐོབ་ཀྱི་ཁྲིམས་ཚན་དང་ཁེ་ཐོབ་མ་ཡིན་པའི་ཁྲིམས་ཚན།

4.ཁེ་ལས་ཀྱི་ཁྲིམས་ཚན་དང་ཁེ་ལས་མ་ཡིན་པའི་ཁྲིམས་ཚན།

ལྔ་པ། ཁྲིམས་ཚན་གྱི་སྒྲིག་འཛུགས་དང་མཚམས་འཇོག

(1) ཁྲིམས་ཚན་གྱི་སྒྲིག་འཛུགས།

ཁྲིམས་ཚན་གྱི་སྒྲིག་འཛུགས་ཞེས་པ་ནི་སྒྲིག་འཛུགས་མིས་ཁྲིམས་ཚན་ཐོབ་ཐང་ལེན་པ་དམིགས་ཡུལ་དུ་བཟུང་སྟེ། ཁྲིམས་ཚན་འཛུགས་པའི་ཆ་རྐྱེན་འཐུས་ཚང་དུ་གཏོང་བ་ནང་དོན་བྱས་ནས་གོ་རིམ་ངེས་ཅན་ཞིག་ལྟར་ལག་བསྟར་བྱེད་པའི་བཅའ་ཁྲིམས་བྱ་སྤྱོད་ལ་གོ

རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་ཁྲིམས་ཚན་སྒྲིག་འཛུགས་ལ་ཆེ་ཕྱོགས་ནས་རིགས་བཞི་ཡོད་དེ།

1.རང་དབང་གི་སྒྲིག་འཛུགས་རིང་ལུགས།

2.དམིགས་བསལ་གྱིས་ཆོག་མཆན་གནང་བའི་སྒྲིག་འཛུགས་རིང་ལུགས།

3.ཆོག་མཆན་སྒྲིག་འཛུགས་རིང་ལུགས།

4.ཐོ་འགོད་སྒྲིག་འཛུགས་རིང་ལུགས།

(2) ཁྲིམས་ཚན་གྱི་མཚམས་འཇོག

ཁྲིམས་ཚན་གྱི་མཚམས་འཇོག་ཅེས་པ་ནི་ཁྲིམས་ཚན་ལ་ཁྲིམས་ཚན་ཐོབ་ཐང་མེད་པར་གྱུར་བའི་སྣང་ཚུལ་ལ་གོ

ཁྲིམས་ཚན་ལ་གཤམ་གྱི་རྒྱུ་རྐྱེན་གྱིས་མཚམས་འཇོག་པ་ཡིན།

1.ཁྲིམས་ལྟར་མེད་པར་བཟོ་བ།

2.རང་ཤུགས་ཀྱིས་ཁ་འཐོར་བ།

3.མ་རྩ་བརྡིབས་པ།

4.གཞན་པའི་རྒྱུ་རྐྱེན།