མི་སྒེར་མཉམ་སྡེབ།

དང་པོ། མི་སྒེར་མཉམ་སྡེབ་ཀྱི་མཚན་ཉིད།

མི་སྒེར་མཉམ་སྡེབ་ཅེས་པ་ནི་སྤྱི་དམངས་གཉིས་ཡན་ཆད་ཀྱིས་གྲོས་མཐུན་ལྟར་སོ་ས་སོས་མ་དངུལ་དང་དངོས་རྫས། ལག་རྩལ་སོགས་མཁོ་སྤྲོད་བྱས་ཏེ་མཉམ་སྡེབ་ཀྱིས་བདག་གཉེར་དང་མཉམ་དུ་ངལ་རྩོལ་བྱེད་པ་ཞིག་ལ་གོ

གཉིས་པ། མཉམ་སྡེབ་གན་རྒྱ།

མཉམ་སྡེབ་བྱེད་མཁན་གྱིས་མ་དངུལ་གྱི་གྲངས་ཀ་དང་ཁེ་ཕོགས་བགོ་ཐབས། བུ་ལོན་འཁུར་ཐབས། མཉམ་སྡེབ་ཏུ་ཞུགས་ཐབས་དང་མཉམ་སྡེབ་ལས་འབུད་ཐབས། མཉམ་སྡེབ་མཚམས་འཇོག་ཐབས་སོགས་ཀྱི་དོན་ཚན་ཡིག་ཐོག་ནས་གྲོས་མཐུན་འཇོག་དགོས།

གསུམ་པ། མཉམ་སྡེབ་རྒྱུ་ནོར།

མཉམ་སྡེབ་བྱེད་མཁན་གྱིས་བཏང་པའི་མ་དངུལ་མཉམ་སྡེབ་མིས་གཅིག་གྱུར་གྱིས་དོ་དམ་དང་བེད་སྤྱོད་བྱེད་དགོས། མཉམ་སྡེབ་བྱེད་མཁན་གྱིས་བདག་གཉེར་བྱས་ཏེ་བསགས་པའི་རྒྱུ་ནོར་མཉམ་སྡེབ་བྱེད་མཁན་ཐུན་མོང་ལ་དབང་།

བཞི་པ། མཉམ་སྡེབ་རྒྱུ་ནོར་ཕྱོགས་གཉིས་ནས་གྲུབ།

1མཉམ་སྡེབ་བྱེད་མཁན་གྱིས་བཏང་པའི་རྒྱུ་ནོར།

2.མཉམ་སྡེབ་བདག་གཉེར་གོ་རིམ་ཁྲོད་བསགས་པའི་རྒྱུ་ནོར།

ལྔ་པ། མཉམ་སྡེབ་རྒྱུ་ནོར་བག་གཅོད་བྱེད་དུས་མཉམ་འཇོག་བྱེད་དགོས་པའི་གནད་དོན།

1.མཉམ་སྡེབ་རྒྱུ་ནོར་མཉམ་སྡེབ་མི་ཡོངས་ཀྱིས་གཅིག་གྱུར་སྒོས་དོ་དམ་དང་བེད་སྤྱོད་བྱེད་དགོས།

2.མཉམ་སྡེབ་རྒྱུ་ནོར་དང་མཉམ་སྡེབ་མིའི་སྒེར་གྱི་རྒྱུ་ནོར་གྱིས་བུ་ལོན་གཙང་སེལ་བྱེད་པའི་གོ་རིམ།

3.མཉམ་སྡེབ་མིའི་སྒེར་གྱི་རྒྱུ་ནོར་དང་ཁྱིམ་མིའི་རྒྱུ་ནོར་གསལ་བོར་སོ་སོར་དགར་བར་མཉམ་འཇོག་བྱེད་དགོས།