སྒེར་གཉེར་བཟོ་ཚོང་དུད་ཁྱིམ་དང་ཞིང་སྡེ་འགན་ལེན་བདག་གཉེར་དུད་ཁྱིམ།

དང་པོ། སྒེར་གཉེར་བཟོ་ཚོང་དུད་ཁྱིམ་གྱི་མཚན་ཉིད།

བཅའ་ཁྲིམས་སུ་གཏན་ཁེལ་བྱས་པའི་ཁྱབ་འོངས་ནང་སྤྱི་དམངས་ཀྱིས་བཅའ་ཁྲིམས་ལྟར་ཞིབ་མཆན་བློ་འགོད་བྱས་ཏེ་བཟོ་ཚོང་ལས་རིགས་གཉེར་མཁན་གྱི་རིགས་ལ་སྒེར་གཉེར་བཟོ་ཚོང་དུད་ཁྱིམ་ཟེར་ཞིང་། སྒེར་གཉེར་བཟོ་ཚོང་དུད་ཁྱིམ་གྱིས་རང་གི་བཟོ་རྩའི་ལ་མིང་བཏགས་ཆོག

གཉིས་པ། ཞིང་སྡེ་འགན་ལེན་བདག་གཉེར་དུད་ཁྱིམ་གྱི་མཚན་ཉིད།

ཞིང་སྡེའི་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིས་བཅའ་ཁྲིམས་ནང་

གཏན་ཁེལ་བྱས་པའི་ཁྱབ་ཁོངས་སུ་འགན་ལེན་གནད་པའི་གཏན་ཁེལ་ལྟར་ཚོང་རྫས་བདག་གཉེར་བྱེད་པ་ལ་ཞིང་སྡེ་འགན་ལེན་བདག་གཉེར་དུད་ཁྱིམ་ཟེར།

གསུམ་པ། འབྲེལ་ཡོད་བཅའ་ཁྲིམས།

སྒེར་གཉེར་བཟོ་ཚོང་དུད་ཁྱིམ་དང་ཞིང་སྡེ་འགན་ལེན་བདག་གཉེར་དུད་ཁྱིམ་གྱི་

སྒེར་གཉེར་བཟོ་ཚོང་དུད་ཁྱིམ་དང་ཞིང་སྡེ་འགན་ལེན་བདག་གཉེར་དུད་ཁྱིམ་གྱི་བུ་ལོན་རྣམས།མི་སྒེར་གྱིས་བདག་གཉེར་བྱས་པ་ཡིན་ན་མི་སྒེར་གྱི་རྒྱུ་ནོར་གྱིས་འགན་འཁུར་དགོས།ཁྱིམ་ཚང་གིས་བདག་གཉེར་བྱས་པ་ཡིན་ན་ཁྱིམ་ཚང་གི་རྒྱུ་ནོར་གྱིས་འགན་འཁུར་དགོས།ཁྱོ་ཤུག་འབྲེལ་བ་རྒྱུན་གནས་བྱས་ཡོད་པའི་སྐབས་སུ། ཕྱོགས་གཅིག་གིས་མི་སྒེར་བདག་གཉེར་བྱས་པའམ་ཡང་ན་བདག་གཉེར་འགན་ལེན་བྱས་ཡོད་ཀྱང་།དེའི་ཡོང་སྒོ་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ཡིན་པས།གལ་ཏེ་བུ་ལོན་ཡོད་ཚེ་ཡང་ཁྱོ་ཤུག་ཐུན་མོང་གི་རྒྱུ་ནོར་ལས་སྟེར་དགོས།