ཚེ་ལས་འདས་པ་ཡོངས་བསྒྲགས་བྱེད་པ།

ཚེ་ལས་འདས་པ་ཡོངས་བསྒྲགས་བྱེད་པ་ནི་རང་བྱུང་མི་གར་སོང་མ་ཤེས་པར་ཁྲིམས་བཀོད་ཀྱི་དུས་ཡུན་ལོངས་རྗེས། ཕན་གནོད་འབྲེལ་བ་ཡོད་པའི་མིའི་རེ་འདུན་བརྒྱུད་དེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་བཀོད་གོ་རིམ་ལྟར་བཅའ་ཁྲིམས་སྟེང་གར་སོང་ཆ་མེད་དུ་གྱུར་བའི་མི་དེ་ཚེ་ལས་འདས་པར་དབྱེ་ཞིབ་བྱས་པའི་སྒྲིག་ལམ་ཞིག་ཡིན།རང་བྱུང་མི་དུས་ཡུན་རིང་བོར་གར་སོང་མ་ཤེས་པས་རྒྱུ་ནོར་འབྲེལ་བ་དང་མི་ལུས་འབྲེལ་བ་གན་འཇགས་མིན་པའི་སྣང་ཚུལ་བྱུང་བས།དཔལ་འབྱོར་སྒྲིག་ལམ་དང་སྤྱི་ཚོགས་སྒྲིག་ལམ་ལ་ཤུགས་རྐྱེན་ཐེབས་པས།ཚེ་ལས་འདས་པ་ཡོངས་བསྒྲགས་བྱེད་པའི་སྒྲིག་ལམ་བརྒྱུད་དེ།དུས་ཐོག་ཏུ་གར་སོང་མི་ཤེས་པའི་མི་དང་མི་གཞན་པའི་རྒྱུ་ནོར་འབྲེལ་བ་དང་མི་ལུས་འབྲེལ་བ་

གཅོད་བྱས་ནས། རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་འགན་སྲུང་བྱེད་དགོས།

1 ཚེ་ལས་འདས་པ་ཡོངས་བསྒྲགས་བྱེད་པའི་ཆ་རྐྱེན།

(1) རང་བྱུང་མི་གར་སོང་མ་ཤེས་པར་ཁྲིམས་བཀོད་དུས་ཡུན་ལ་ཐོན་པ།

(2) ངེས་པར་དུ་ཕན་གནོད་འབྲེལ་བ་ཡོད་པའི་མིས་རེ་འདུན་ཞུ་དགོས།

(3) ངེས་པར་དུ་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་བྱེད་དགོས།

2 ཚེ་ལས་འདས་པ་ཡོངས་བསྒྲགས་བྱས་རྗེས་ཀྱི་བཅའ་ཁྲིམས་མཇུག་འབྲས།

ཚེ་ལས་འདས་པ་ཡོངས་བསྒྲགས་བྱས་པའི་མི་ཡོངས་བསྒྲགས་ཐག་གཅོད་བྱས་པའི་

ཉིན་ནི་ཚེ་ལས་འདས་པའི་ཟླ་ཚེས་ཡིན། ཚེ་ལས་འདས་པའི་བཅའ་ཁྲིམས་མཇུག་འབྲས་ནི་དམངས་དོན་ཁེ་དབང་སྤྱོད་ནུས་མེད་པར་གྱུར་བས་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱེད་པ་དང་གཉེན་སྒྲིག་འབྲེལ་བ་མེད་པར་གྱུར་བ་ཡིན།

3 ཚེ་ལས་འདས་པ་ཡོངས་བསྒྲགས་བྱས་པ་མེད་པར་བཟོ་བ།

ཚེ་ལས་འདས་པ་ཡོངས་བསྒྲགས་བྱས་པའི་མི་ཡང་བསྐྱར་མངོན་པའམ་དེ་ཤི་མེད་པ་གསལ་བོར་ཤེས་ཚེ། མི་རང་ཉིད་དམ་ཕན་གནོད་འབྲེལ་བ་ཡོད་པའི་མིའི་རེ་འདུན་བརྒྱུད་དེ། མི་དམངས་ཁྲིམས་ཁང་གིས་ཁོའི་ཚེ་ལས་འདས་པའི་ཡོངས་བསྒྲགས་མེད་པར་བཟོ་དགོས། ཕན་གནོད་འབྲེལ་བ་ཡོད་པའི་མིས་རེ་འདུན་ཞུས་པའི་ཚེ་ལས་འདས་པའི་ཡོངས་བསྒྲགས་མེད་པར་བཟོ་བར་གོ་རིམ་གྱི་ཚད་བཀག་མེད།

4 ཚེ་ལས་འདས་པའི་ཡོངས་བསྒྲགས་མེད་པར་བཟོས་རྗེས་ཀྱི་མཇུག་འབྲས།

(1) རྒྱུ་ནོར་འབྲེལ་བ།

ཚེ་ལས་འདས་པའི་ཡོངས་བསྒྲགས་མེད་པར་བཟོས་པའི་མིར་རྒྱུ་ནོར་ཕྱིར་སློག་པར་རེ་བ་འདོན་དབང་ཡོད། ཤུལ་འཛིན་བཅའ་ཁྲིམས་ལྟར་ཁོའི་རྒྱུ་ནོར་ཐོབ་པའི་སྤྱི་དམངས་སམ་རྩ་འཛུགས་ཀྱིས་སྔོན་གྱི་དངོས་པོ་ཕྱིར་སློག་འོས། སྔོན་གྱི་དངོས་པོ་མེད་ཚེ་འོས་འཚམ་གྱིས་སྐྱིན་གསབ་སྟེར་དགོས།

(2) མི་ལུས་འབྲེལ་བ།

ཚེ་ལས་འདས་པའི་ཡོངས་བསྒྲགས་མི་དམངས་ཁྲིམས་ཁང་གིས་མེད་པར་བཟོས་

ཚེ། བཟའ་ཟླ་ཡང་བསྐྱར་གཉེན་སྒྲིག་བྱས་མེད་པ་ལ། ཁྱོ་ཤུག་འབྲེལ་བ་ཚེ་ལས་འདས་པའི་ཡོངས་བསྒྲགས་མེད་པར་བཟོས་པའི་ཉིན་ནས་བཟུང་རང་ཤུགས་ཀྱིས་སླར་གསོ་བྱས་པ་ཡིན། གལ་ཏེ་བཟའ་ཟླ་ཡང་བསྐྱར་གཉེན་སྒྲིག་བྱས་ཟིན་པའམ་ཡང་བསྐྱར་གཉེན་སྒྲིག་བྱས་རྗེས་བཟའ་ཟླ་འདས་པ་ཡིན་ན་ཁྱོ་ཤུག་འབྲེལ་བ་རང་ཤུགས་ཀྱིས་སླར་གསོ་བྱས་པ་རུ་ངོས་འཛིན་མི་བྱེད།