གར་སོང་ཆ་མེད་ཡོངས་བསྒྲགས་ཀྱི་མཚན་ཉིད།

གར་སོང་ཆ་མེད་ཡོངས་བསྒྲགས་ཞེས་པ་ནི་རང་བྱུང་མི་རང་ཉིད་ཀྱི་སྡོད་གནས་དང་ཁ་བྲལ་ཏེ་གར་སོང་མ་ཤེས་པར་ཁྲིམས་བཀོད་དུས་ཡུན་ལ་ཐོན་རྗེས། ཕན་གནོད་འབྲེལ་བ་ཡོད་པའི་མིའི་རེ་འདུན་བརྒྱུད་དེ། མི་དམངས་ཁྲིམས་ཁང་གིས་ཁྲིམས་བཀོད་གོ་རིམ་ལྟར་གར་སོང་ཆ་མེད་དུ་གྱུར་བའི་མི་ཡིན་པ་ཡོངས་བསྒྲགས་བྱེད་པའི་སྒྲིག་ལམ་ཞིག་ཡིན། གར་སོང་ཆ་མེད་དུ་གྱུར་བ་ཡོངས་བསྒྲགས་བྱེད་པའི་དམིགས་ཡུལ་ནི་མི་དམངས་ཁྲིམས་ཁང་བརྒྱུད་དེ་རང་བྱུང་མི་གར་སོང་ཆ་མེད་དུ་གྱུར་བའི་དོན་དངོས་གཏན་ཁེལ་བྱས་ཏེ།རང་བྱུང་མིའི་རྒྱུ་ནོར་ལ་དོ་དམ་བྱེད་མཁན་མེད་པ་དང་ལག་བསྟར་བྱེད་འོས་པའི་འོས་འགན་དེ་དུས་ཐོག་ཏུ་ལག་བསྟར་བྱེད་མི་ཐུབ་པའི་རྒྱུན་ལྡན་མིན་པའི་སྣང་ཚུལ་དེ་མཇུག་རྫོགས་

པ་ནས། གར་སོང་ཆ་མེད་དུ་གྱུར་བའི་མི་དང་ཕན་གནོད་འབྲེལ་བ་ཡོད་པའི་མིའི་ཁེ་ཕན་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན།

1.གར་སོང་ཆ་མེད་དུ་གྱུར་བ་ཡོངས་བསྒྲགས་བྱེད་པའི་ཆ་རྐྱེན།

(1) ངེས་པར་དུ་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཉིས་འགོར་དགོས།

(2) ངེས་པར་དུ་ཕན་གནོད་འབྲེལ་བ་ཡོད་པའི་མིས་མི་དམངས་ཁྲིམས་ཁང་ལ་རེ་

འདུན་ཞུ་དགོས།

(3) ངེས་པར་དུ་ཁྲིམས་ཁང་བརྒྱུད་དེ་ཁྲིམས་བཀོད་གོ་རིམ་ལྟར་ཡོངས་བསྒྲགས་བྱེད་དགོས།

2.གར་སོང་ཆ་མེད་དུ་གྱུར་བ་ཡོངས་བསྒྲགས་བྱས་པའི་བཅའ་ཁྲིམས་མཇུག་འབྲས།

སྤྱི་དམངས་གར་སོང་ཆ་མེད་དུ་གྱུར་བ་ཡོངས་བསྒྲགས་བྱས་རྗེས། དམངས་དོན་གཙོ་གྲུབ་ཐོབ་ཐང་ད་དུང་ཡོད་པས། གཉེན་སྒྲིག་འབྲེལ་བ་མེད་པར་འགྱུར་བའམ་ཤུལ་འཛིན་འགོ་རྩོམ་པའི་མཇུག་འབྲས་མི་འབྱུང་། 《དམངས་ཁྲིམས་སྤྱི་སྲོལ》གྱི་གཏན་ཁེལ་ལྟར་ན།གར་སོང་ཆ་མེད་དུ་གྱུར་བ་ཡོངས་བསྒྲགས་བྱས་རྗེས་འབྱུང་སྲིད་པའི་མཇུག་འབྲས་ནི་གར་སོང་ཆ་མེད་དུ་གྱུར་བའི་མིའི་རྒྱུ་ནོར་ལ་དོ་དམ་ཚབ་བྱེད་མཁན་དམིགས་བཀོད་བྱེད་པ་དེ་ཡིན།