པདྨ་རྫོང་སྲིད་གཞུང་ཏང་ཙུའུ་ཡིས2022ལོའི་སློབ་སྦྱོང(རྒྱ་བསྐྱེད)གྲོས་ཚོགས་ཐེངས8པ་བསྡུས།

ཟླ6པའི་ཚེས20ཉིན། རྫོང་སྲིད་གཞུང་ཏང་ཙུའུ་ཧྲུའུ་ཅིའམ་རྫོང་དཔོན་ཆི་པའོ་ཡེས་རྫོང་སྲིད་གཞུང་ཏང་ཙུའུ་ཡི2022ལོའི་སློབ་སྦྱོང(རྒྱ་བསྐྱེད)གྲོས་ཚོགས་ཐེངས8པར་མགོ་འཛིན་གནང་། རྫོང་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་དག་དང་ཞང་གྲོང་རྡལ་ཁག་གི་མགོ་གཙོ། རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་གྲོས་ཚོགས་ལ་ཞུགས། རྫོང་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་པུའུ་ཀྲང་ལིའུ་ཝེ་གོ་དང་རྫོང་ཨུའི་རྒྱུན་ཨུའམ་སྒྲིག་ཨུའི་ཧྲུའུ་ཅི། ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཕང་ཁྲུང་། རྫོང་དམངས་ཆེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཝང་ཅུན་བཅས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་ཐོག《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན་གྱིས་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་བརླིང་ཡོང་བར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་ཐོག་གི་གསུང་བཤད་པར་འགྲེམས་བྱེད་པའི་སྐོར་གྱི་བརྡ་ཐོ》དང་།《མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག བཟའ་ཟླའི་ཚོང་གཉེར་ཁེ་ལས་ཀྱི་དོ་དམ་གཏན་འབེབས》སོགས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་གྱི་འབྲེལ་ཡོད་ཡིག་ཆ་དང་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པ་དང་། ནོར་སྲིད་དང་གྲོང་གསེབ་དར་སྤེལ་སྐུལ་འདེད་གཏོང་བའི་རོགས་དངུལ་རྣམ་གྲངས་འཛུགས་སྐྲུན། མ་དངུལ་གཏོང་སྤྲོད། ས་ཆ་བསྡུ་ལེན་བཤིག་སྤོ། སྐྱེ་ཁམས་ཁོར་སྲུང་། སྐྱེ་ཁམས་ཕྱུགས་ལས། “ལས་ཕྱོད་མཐོར་གཏོང་ལོའི”བྱེད་སྒོ་སོགས་དང་འབྲེལ་མཐུད་བྱ་བའི་གནས་ཚུལ་གོང་ཞུ་བྱས་པར་ཉན་པ་དང་། མིག་སྔའི་གཙོ་གནད་ལས་དོན་ཐད་ལ་བྱེ་བྲག་གི་བླང་བྱ་བཏོན།

གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། གཅིག་ནི་བཤིག་སྤོའི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། གཉིས་ནི་སྐྱེ་ཁམས་ཁོར་སྲུང་ལྟ་ཞིབ་ཁྲོད་བཏོན་པའི་གནད་དོན་དག་ཐེར་ལས་དོན་ལ་སྐུལ་འདེད་གཏོང་དགོས། གསུམ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་སྣོན་འཕྲི་ཟུང་འབྲེལ་གྱི་ལས་ཀ་ལེགས་པར་བསྒྲུབ་དགོས། བཞི་ནི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལྔ་ནི་སྤྱོད་ཚུལ་འཛུགས་སྐྱོང་ལ་དམ་འཛིན་ནན་ཏན་བྱེད་དགོས།

གྲོས་ཚོགས་ཐོག་ལས་འགན་སྔར་བས་ཁ་གསལ་བཟོ་བ་དང་འགན་འཁྲི་དོན་འཁྱོལ་བྱེད་པ། བསམ་ཕྱོགས་ལེགས་བཅོས་གཏོང་བ། དོན་འཁྱོལ་དམ་འཛིན་བྱེད་པ། གཙོ་གནད་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་མཐའ་འཁྱོངས་ཀྱིས་དུས་ཚོད་ཀྱི་འཕེལ་རིམ་བཀོད་སྒྲིག་གཞིར་བཟུང་སྟེ་དམིགས་ཚད་ལས་འགན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་འགན་ལེན་བྱ་རྒྱུ་དང་། ལས་བྱེད་པའི་སྤྱོད་ཚུལ་ལ་འགྱུར་ལྡོག་བཏང་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་རྒྱུར་སྐུལ་མ་བཏང་སྟེ་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་ནས་སྲིད་གཞུང་ཁོངས་གཏོགས་ཀྱི"ལས་ཕྱོད་མཐོར་གཏོང་ལོའི"བྱེད་སྒོའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྒྲིག་འཛུགས་ནན་ཏན་བྱེད་པ། འཐབ་ས་དང་པོར་བསྐྱོད་དེ་སེམས་རྣལ་དུ་ཕབ་ནས་དོན་འཁྱོལ་དམ་འཛིན་དང་ལྟ་ཞིབ་དམ་འཛིན། སྐུལ་འདེད་དམ་འཛིན་བཅས་བྱས་ནས་དམིགས་འབེན་དང་ལས་འགན་ཁག་གཟབ་ནན་དང་གོ་རིམ་ལྡན་པའི་སྒོ་ནས་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན།