ཉའོ་ཁྲིན་ཡུན་གྱིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་ལ་རྟོག་ཞིབ་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཟུར་པ་ཉའོ་ཁྲེང་དབྱིན་གྱིས་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་གྱི་ཆེད་དོན་འདྲི་ཞིབ་བྱ་བའི་བཞུགས་མོལ་ཚོགས་འདུར་འགོ་འཛིན་བྱས་པ་མ་ཟད། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་བྱ་བའི་སྙན་ཞུ་ལ་ཉན་པ་དང་། ཆེད་དོན་འདྲི་ཞིབ་ཀྱི་འབྲེལ་ཡོད་གྲ་སྒྲིག་བྱ་བར་བཀོད་སྒྲིག་དང་བླང་བྱ་བཏོན། དེ་མིན། ཡུལ་དངོས་ནས་ཟི་ལིང་གྲོང་ཁྱེར་ཙོང་ཁ་ཆུས་ཡི་ཕྱིར་གཏོང་འཛུགས་སྐྲུན་གནས་ཀྱི་འཕེལ་རིམ་གནས་ཚུལ་ལ་རྟོག་ཞིབ་བྱས།

ཉའོ་ཁྲིན་ཡུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ་དང་མཚོ་སྔོན་དུ་གཟིགས་ཞིབ་མཛད་སྐབས་བཏོན་པའི་ལྷད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་འཛུགས་སྐྲུན་བྱེད་པའི་བླང་བྱ་གལ་ཆེན་ནི། མཚོ་སྔོན་གྱི་ཞིང་ཕྱུགས་ལས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་བཏོན་པའི་འཐབ་ཇུས་གཏན་ཁེལ་ཡིན་ལ། མཚོ་སྔོན་གྱིས་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་རྐང་འཛུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པ།སྤུས་ལེགས་གཅིག་དང་མཐོ་བ་གཉིས་ཀྱི་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ཁ་ཕྱོགས་གསལ་པོ་བསྟན་པ་དང་། འཆར་གཞི་གསར་བ་བཀོད་པ་དང་གཞི་འཛིན་ས་གསར་པ་འདོན་སྤྲོད་བྱས་ཟེར།

ཉའོ་ཁྲིན་ཡུན་གྱིས་ནན་གྱིས་བསྟན་དོན། ཕྱིར་གཏོང་གནས་འཛུགས་སྐྲུན་གྱི་ཆེད་དོན་འདྲི་ཞིབ་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ད་ལོའི་ལྟ་ཞིབ་བྱ་བ་གལ་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་ལག་བསྟར་བྱེད་པའི་མཚོན་རྟགས་ཡིན་པས། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་གླེང་བའི་མཐོ་ཚད་ནས་བསམ་བློའི་ངོས་ཟིན་མཐོར་འདེགས་གཏོང་བ་དང་། བྱ་བའི་བྱེད་ཐབས་ཇེ་ལེགས་སུ་གཏོང་བ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆེད་དོན་འདྲི་ཞིབ་ཀྱི་ལས་འགན་རེ་བ་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། ཆེད་དོན་འདྲི་ཞིབ་བྱེད་པ་བརྒྱུད་དེ་ཕྱིར་གཏོང་གནས་འཛུགས་སྐྲུན་བྱེད་པའི་ཐད་ནས་མཐོ་ཚད་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཉའོ་ཁྲིན་ཡུན་གྱིས་ཆེད་དོན་འདྲི་ཞིབ་ཀྱི་བྱ་བའི་ལག་བསྟར་ལ་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་བ་དང་། བརྗེ་རེས་མཉམ་ལས་ལ་ཤུགས་སྣོན། རྟོག་ཞིབ་གཏིང་ཟབ་ཏུ་སྤེལ་བ། གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་དང་གནད་དོན་གྱི་ཞན་ཆ་འཚོལ་བ། ལག་བསྟར་བྱེད་ཆོག་པའི་གྲོས་གཞི་བསམ་ཚུལ་བཏོན་ནས། ཆེད་དོན་འདྲི་ཞིབ་དང་ལག་བསྟར། གྲུབ་འབྲས་ལེན་ཐུབ་པར་ཁག་ཁུར་བྱེད་དགོས་པའི་བླང་བྱ་བཏོན།