མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་གྲོས་ཚོགས་བསྡུས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས21ཉིན།མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་གྱ་དགུ་པ་བསྡུས་པ་དང་།ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་སྒྲོག།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱས།ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི།ཀྲུའུ་རིན་ཟུར་པ་ཡུས་ཚུང་ལི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་བླང་བྱ་བཏོན།ཝང་ལིས་མེན་དང་མཱ་ཝེ།ཉའོ་ཁྲིན་ཡུན།ཀྲང་ཧོང་ཡོན།ཅཱ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པ་དང་།ལིའུ་ཐུང་ཏི་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་ཀྲུང་དབྱང་གི་སྐོར་ཐེངས་བརྒྱད་པའི་དངུལ་རྩའི་ལས་ཁུངས་དག་ཐེར་བཅོས་སྒྱུར་འཕེལ་རིམ་གྱི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱས་པ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དངུལ་རྩའི་བྱ་བར་མཐོང་ཆེན་བླ་མེད་བྱེད་པ་དང་།དངུལ་རྩའི་ཁྱབ་ཁོངས་སུ་ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆོད་སེམས་མཚོན་པར་བྱས་ཡོད།སློབ་སྦྱོང་ནན་མོ་དང་གོ་བ་ཟབ་མོ་ལེན་དགོས་ལ།རྩ་བའི་དོན་སྙིང་ལ་རྒྱུས་ལོན་བྱེད་པ་དང་བསམ་སྦྱོར་གཉིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས།ཏང་བཅོས་སྐྱོང་ནན་མོ་བྱེད་པའི་གཙོའི་གཞིའི་འགན་འཁྲི་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དང་སྐོར་ཞིབ་བཅོས་སྒྱུར་རྗེས་ཀྱི་ལེའུ་ཕྱེད་ཀ་ལེགས་པར་འབྲི་དགོས།སྐོར་ཞིབ་གྲུབ་འབྲས་སྣ་འཛོམས་སྒོས་བཀོད་སྤྱོད་དང་གཅིག་ཤེས་ཀུན་གྲོལ་བྱས་ནས་དམངས་ཆེན་ལས་ཁུངས་འཛུགས་སྐྲུན་གྱི་ཕན་འབྲས་མཐོར་འདེགས་གཏོང་དགོས།

གྲོས་ཚོགས་ནས་བསྟན་དོན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཞི་བཅུ་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་དུས་རབས་གསར་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཕན་འབྲས་མངོན་གསལ་དང་ཉམས་མྱོང་གལ་ཆེན་ལ་མ་ལག་རང་བཞིན་གྱི་སྤྱི་སྡོམ་བྱས་པ་དང་།རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་འགག་སྒྲོལ་དམག་འཐབ་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པར་བསམ་ཕྱོགས་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས།དུས་རབས་གསར་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཉམས་མྱོང་ལ་གོ་བ་ཡང་དག་ལེན་པ་དང་བརྟན་ཚུགས་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ།འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ།སྲུང་སྐྱོབ་གཉིས་ལེགས་པར་བསྒྲུབ་དགོས།ཞིང་ཆེན་ཡོངས་ཀྱི་ལམ་སྲོལ་འཛུགས་སྐྲུན་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་དམ་དུ་སྦྲེལ་བ་དང་ཏང་སྲོལ་སྲིད་གཙང་གི་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་མཉམ་དུ་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན།རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཡིས་ཕྲག་ཏུ་ལེན་པ་དང་ཁ་ཕྱོགས་སྟོན་པ།སྤྱི་ཡོངས་ལ་དོ་དམ་བྱེད་པ།དངོས་འབེབས་ལ་སྐུལ་འདེད་གཏོང་བའི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་དགོས་ལ།ཆབ་སྲིད་ལས་ཁུངས་ཀྱིས་སྣེ་ཁྲིད་ནས་ཏང་གི་འཛུགས་སྐྲུན་དང་ལས་རིགས་བྱ་བ་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་བ་དང་དོ་དམ་འགན་འཁྲི་ནན་མོར་འཛིན་པ།བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ།སྒྲིག་ལམ་བླང་བྱ་ནན་མོར་བཟུང་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་རིགས་སོ་སོ་ལྷག་ལུས་མེད་པར་དོན་འཁྱོལ་བྱེད་དགོས།

གྲོས་ཚོགས་ལ་དོན་དག་གཞན་དག་ལའང་ཞིབ་འཇུག་བྱས།