ཀྲང་ལི་ཡིས་མཚོ་བྱང་ཁུལ་དུ་རྟོག་ཞིབ་བྱས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6པའི་ཚེས14ཉིན་ནས་ཚེས16ཉིན་བར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ་ཀྲང་ལི་ཡིས་ཞང་ཀང་དང་ཨོ་མིན། ཐའེ་ཝན་སྤུན་ཟླ་དང་ཕྱི་དོན་ཨུ་ཡོན་ལྷན་ཁང་རྟོག་ཞིབ་ཚན་ཆུང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པ་དང་། རབ་མཛེས་མཚོ་སྔོན་གྱི་ཚོང་རྟགས་མིང་གྲགས་ཅན་གྱི་རིན་ཐང་དང་ཤན་ཤུགས་མཐོར་འདེགས་གཏོང་བའི་ཟླ་གཉིས་གྲོས་མོལ་གྲོས་དོན་ལ་དམིགས་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས།

རྟོག་ཞིབ་ཚན་ཆུང་སྔ་གཞུག་ཏུ་ཞིང་སྡེའི་ཡུལ་སྐོར་ལྗོངས་ཁུལ་གཙོ་བོ་དང་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་ཁུལ། ལས་གཞི་འཛུགས་སྐྲུན་ཡུལ་དངོས། ཁེ་ལས་གཙོ་བོ་བཅས་ལ་སོང་ནས། ཡུལ་དངོས་ནས་གནས་སྐོར་ཐོན་ཁུངས་གསར་སྤེལ་དང་ལྗོངས་རྒྱུ་ཁུལ་གྱི་སྒྲིག་ཆས་ཆ་སྡེབས། ལས་གཞི་འཁོར་རྒྱུག་དོ་དམ་སོགས་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། སོ་སོར་ཁུལ་དང་རྫོང་སྲིད་གཞུང་དང་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ། མཚོ་སྔོན་པོའི་ལྗོངས་རྒྱུ་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་སོགས་འབྲེལ་ཡོད་སྡེ་ཁག་གི་གནས་ཚུལ་ཡར་ཞུ་ལ་ཉན།

ཀྲང་ལི་ཡིས་བསྟན་དོན། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར་དམིགས་ནས་ཟླ་གཉིས་གྲོས་མོལ་སྤེལ་བ་ནི། ཞིང་ཆེན་སྲིད་གྲོས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་མཚོ་སྔོན་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཏང་ཨུས་རྡོ་དོན་སྟོན་པ་དང་སྲིད་གཞུང་གི་གནད་དོན་འདོན་པ། སྲིད་གྲོས་ཀྱིས་ལན་འདེབས་པའི་རེ་བ་གསར་བ་ལྟར། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་ཞབས་འདེགས་ཞུ་བའི་འགུལ་སྐྱོད་དངོས་ཡིན།

ཀྲང་ལི་ཡིས་ནན་གྱིས་བསྟན་དོན། ལངས་གནས་མཐོར་འདེགས་གཏོང་བ་དང་། བསམ་བློའི་ངོས་ཟིན་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་དགོས། ཕན་འབྲས་བརྩོན་ལེན་བྱེད་པ་དང་། ཚད་གཞི་མཐོ་བའི་ངང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པ་རྒྱུན་འཁྱོངས་བྱེད་པ། ཉམས་མྱོང་བཟང་བོ་སྤྱི་སྡོམ་དང་བཙོ་སྦྱོང་བྱེད་པ། གནད་དོན་དབྱེ་ཞིབ་དང་ཐག་གཅོད་བྱས་ནས། བྱ་བ་སྣ་ཚོགས་ཁྱོན་ཡོངས་ནས་བཟང་བོར་བསྒྲུབ་དགོས། ལག་བསྟར་དམ་འཛིན་བྱེད་ན། རིམ་པ་སོ་སོའི་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། འགན་འཁྲི་ཇེ་དྲག་ཏུ་གཏོང་བ། མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་བསྣན་ནས། འགུལ་སྐྱོད་ཇུས་གཞི་སྤུས་ཚད་མཐོ་བའི་ངང་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།