རང་ཞིང་གིས་འབྲིང་རིམ་ལས་རིགས་སློབ་གསོའི“གཉིས་ལེགས་འཆར་གཞི”འཛུགས་སྐྲུན་ལས་དོན་སྤེལ་འགོ་བརྩམས།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་ཕུལ་བྱུང་སློབ་གྲྭ་དང་སྤུས་ལེགས་ཆེད་ལས་འཛུགས་སྐྲུན་ཚན་པའི་མིང་ཐོ་ཁྱབ་སྒྲོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་ནས་ཞིང་ཆེན་རིམ་པའི་འབྲིང་རིམ་ལས་རིགས་སློབ་གསོའི“ལེགས་གཉིས་འཆར་གཞི”འཛུགས་སྐྲུན་ལས་དོན་དངོས་སུ་སྤེལ་འགོ་ཚུགས།

རྒྱུས་ལོན་བྱུང་བ་ལྟར་ན།  ཞིང་ཆེན་རིམ་པའི་འབྲིང་རིམ་ལས་རིགས་སློབ་གསོའི“ལེགས་གཉིས་འཆར་གཞིའི”འཛུགས་སྐྲུན་ལས་དོན་སྤེལ་འགོ་ཚུགས་ནས། རང་ཞིང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས།   《དེང་རབས་ལས་རིགས་སློབ་གསོའི་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་།  《མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》《ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་ལེགས་གཏོང་བྱ་སྤྱོད་འཆར་གཞི(2020ལོ་ནས2023ལོ་བར)》ཁྱོན་ཡོངས་ནས་དོན་འཁྱོལ་བྱས།   འབྲིང་རིམ་ལས་རིགས་སློབ་གསོའི་ཕུལ་བྱུང་སློབ་གྲྭ་དང་ཆེད་ལས(ཚོགས་པ)སྤུས་དག་ཁག་ཅིག་འཛུགས་སྐྲུན་བྱེད་པར་གཙོ་གནད་དུ་རྒྱབ་སྐྱོར་བྱས།   ལས་རིགས་སློབ་གསོའི་རིགས་ཀྱི་ངེས་གནས་ལེགས་སུ་གཏོང་བ་དང་།  ལས་རིགས་སློབ་གསོའི་འགུག་ཤུགས་ཆེ་རུ་གཏོང་བ།  ལས་རིགས་སློབ་གསོའི་འཚམ་མཐུན་རང་བཞིན་ཆེ་རུ་གཏོང་བ།  ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་སྔར་ལས་ལེགས་པར་ཞུ་བ།  འབྲིང་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས(ཚོགས་པ)ཁག་ཅིག་རྒྱལ་ཁབ་རིམ་པའི་ཕུལ་བྱུང་འབྲིང་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་སྤུས་དག་གྲས་སུ་ཚུད་པར་སྐྱེད་སྲིང་དང་སྐུལ་འདེད་གཏོང་དགོས།   

དེ་སྔོན་ཞིང་ཆེན་སློབ་གསོ་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས་མཉམ་འབྲེལ་སྒོས《མཚོ་སྔོན་ཞིང་ཆེན་གྱི་འབྲིང་རིམ་ལས་རིགས་སློབ་གསོའི་ཕུལ་བྱུང་སློབ་གྲྭ་དང་སྤུས་ལེགས་ཆེད་ལས་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི》པར་འགྲེམས་བྱས་པ་རེད།   རང་ཞིང་གི་འབྲིང་རིམ་ལས་རིགས་ཀྱི“ཕུལ་བྱུང་གཉིས་ཀྱི་འཆར་གཞི་”འཛུགས་སྐྲུན་གྱི་དམིགས་འབེན་དང་།  ལས་འགན་གཙོ་བོ།  རྩ་འཛུགས་ཀྱི་ལག་བསྟར།  འགན་སྲུང་བྱེད་ཐབས་བཅས་ཁ་གསལ་བཟོས་པ་མ་ཟད།  རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམ་པོར་དམིགས་པ།  ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ།  ནང་དོན་འཛུགས་སྐྲུན་བྱ་རྒྱུ་ལྟེ་བར་འཛིན་པ།  སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་འཛིན་པ་བཅས་བྱས་ཏེ།  ཁྱད་ཆོས་ལ་ཤུགས་སྣོན་དང་།  རྨང་གཞི་བརྟན་གཏོང་།  གསར་གཏོད་གསར་སྐྲུན་བཅས་བྱ་དགོས།   ཕུལ་བྱུང་སློབ་གྲྭའི་སློབ་གཉེར་སྔར་ལས་ཡང་དག་དང་།  སློབ་གཉེར་ཁྱད་ཆོས་སྔར་ལས་གསལ་བ།  ཐོན་སློབ་མཉམ་འདྲེས་སྔར་ལས་དམ་པོ།  སློབ་གཉེར་ཆ་རྐྱེན་སྔར་ལས་འཐུས་ཚང་།  ཆེད་ལས་བཀོད་སྒྲིག་སྔར་བས་ལེགས་པ།  སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།  ཤེས་ལྡན་པ་གསོ་སྐྱོང་གི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་གཏོང་བ།  སྤྱི་ཚོགས་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་དགོས།     སྤུས་ལེགས་ཆེད་ལས(ཚོགས)ཀྱི་དགེ་མཚན་ལྡན་པའི་ཁྱད་ཆོས་སྔར་ལས་མངོན་གསལ་དང་།  འབྲེལ་མཐུད་ཐོན་ལས་སྔར་བས་དམ་པོ།  སློབ་གྲྭ་དང་ཁེ་ལས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་དང་སློབ་ཚན་མ་ལག་སྔར་ལས་འཐུས་ཚང་།  དགེ་རྒན་གྱི་སྟོབས་ཤུགས་སྔར་ལས་ཆེར་བསྐྱེད།  “སློབ་གསོ་གསུམ”སྒྱུར་བཅོས་ཀྱི་ཕན་འབྲས་མངོན་གསལ་དོད་པ།  ལས་ཞུགས་སྤུས་ཚད་སྔར་བས་ལེགས་བསྒྱུར།  ཆེད་ལས་(ཚོགས)སྤུས་རྟགས་ཀྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཞིང་ཆེན་ཡོངས་ཀྱི་རིགས་གཅིག་པའི་ཆེད་ལས་ཀྱི་མདུན་གྲལ་དུ་གནས་ཡོད།

དེ་དང་དུས་མཚུངས《ལག་བསྟར་ཇུས་གཞིའི》ནང《དེང་རབས་ལས་རིགས་སློབ་གསོ་སྤུས་ཚད་མཐོན་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་།  《མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་ལས་རིགས་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》ནང་དོན་གཙོ་བོ《ལས་རིགས་སློབ་གསོའི་སྤུས་ཚད་མཐོར་གཏོང་དང་ལེགས་གཏོང་བྱ་སྤྱོད་འཆར་གཞི(2020ལོ་ནས2023ལོ་བར)》གྱི་གཙོ་གནད་ལས་འགན་དང་ཟུང་འབྲེལ་བྱས་ནས་ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་བྱེད་པའི་ཆུ་ཚད་མཐོར་འདེགས་དང་།   ཀུན་སྤྱོད་ལེགས་སྐྱོང་དང་མི་གསོ་སྐྱོང་བྱ་རྒྱུའི་རྩ་བའི་ལས་འགན་དོན་འཁྱོལ།  སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ།  ཆེད་ལས་ལེགས་པོ(ཚོགས)འཛུགས་སྐྱོང་ལ་སྐུལ་འདེད།  སློབ་གྲྭ་དང་ཁེ་ལས་མཉམ་སྒྲུབ་ཀྱིས་མི་གསོ་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ།  རྨང་གཞིའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།  དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བ།  སྤྱི་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ།  མཉམ་ལས་དང་སྤེལ་རེས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ།  སློབ་གྲྭའི་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་བ་བཅས་ཀྱི་གཙོ་གནད་འཛུགས་སྐྲུན་ལས་འགན་ཁག་བཅུ་དང་བླང་བྱ་ཞིབ་ཕྲ་བ།   ནང་དོན་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་།  འབྲིང་རིམ་ལས་རིགས་སློབ་གསོ་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།  

ལོ་ཙཱ།རྟ་མགྲིན་དཔལ།