ད་ལོའི་མཐར་ཕྱིན་སློབ་མ་ཁྲི11.6ལས་བསྡུ་བྱ་འཆར་ཡོད་པ།

འདས་ཟིན་པའི་ལོ་ངོ་གཉིས་ཀྱི་ནང་མཐོ་སློབ་མཐར་ཕྱིན་སློབ་མ་མུ་མཐུད་དུ་ལས་བསྡུ་རྒྱ་སྐྱེད་བྱས་པའི་རྨང་གཞིའི་སྟེང་། 2022ལོར་ཀྲུང་དབྱང་ལས་ཁུངས་དང་དེར་འབྲེལ་ཁོངས་གཏོགས་སྒྲིག་འཛུགས། ས་གནས་རིམ་པ་སོ་སོའི་ལས་ཁུངས་ཀྱིས་མཐོ་སློབ་མཐར་ཕྱིན་སློབ་མ་མང་པོ་ཞིག་གཞུང་ཞབས་པ་རུ་ལས་བསྡུ་བྱེད་ཚད་ཇེ་མང་དུ་བཏང་ཤིང་། འཆར་གཞི་ལྟར་ན་ད་ལོའི་མཐར་ཕྱིན་སློབ་མ་ཁྲི11.6ལས་བསྡུ་བྱ་འཆར་ཡོད་ལ། དེ་ནི་ལོ་སྔོན་མ་དང་སྡུར་ན་ཁྲི0.9ཡིས་ཇེ་མང་དུ་སོང་ཡོད།

རིམས་ནད་འགོག་ཟོན་གྱི་གནས་སྟངས་དང་འགོག་ཟོན་བྱང་བྱ་གཞིར་བཟུང་སྟེ། ཀྲུང་དབྱང་ལས་བསྡུ་སྒྲིག་འཛུགས་ཀྱིས་ལས་རྐང་གི་ཁྱད་ཆོས་དང་རྒྱུགས་ཞུགས་པའི་དོན་དངོས་ལ་ཟུང་འབྲེལ་གྱིས་འོས་འཚམ་གྱི་གནས་སྟངས་བེད་སྤྱད་ནས། ཁ་རྒྱུགས་དང་ལུས་པོའི་བརྟག་དཔྱད། རྟོག་ཞིབ་བྱ་བ་སོགས་ཏན་ཏིག་གིས་སྤེལ་རྒྱུར་སྐུལ་འདེད་བཏང་། ད་ལྟ60%ཡི་ལས་ཁུངས་ཀྱིས་ཁ་རྒྱུགས་ཡོངས་འགྲུབ་བྱས་ཤིང་། ས་ཁུལ་སོ་སོའི་རྒྱུགས་ལེན་པ་དག་གིས་རྒྱུགས་ལེན་པའི་ཁྱབ་ཁོངས་དང་རྒྱུགས་དོན་དོ་དམ་གནས་ཚུལ་སོགས་ལ་ཕྱོགས་བསྡུས་རྟོག་ཞིབ་བྱས་ཤིང་། རིམས་ནད་འགོག་ཟོན་གྱི་བླང་བྱ་དངོས་འབེབས་ནན་ཏན་གྱིས་ཡིག་རྒྱུགས་རྒྱུགས་ལེན་ར་བ་གསར་སྣོན་དང་ཉེ་ས་རུ་རྒྱུགས་ར་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དག་ལ་སྟབས་བདེ་བསྐྲུན། ད་ལྟ་ཞིང་ཆེན8དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཤོག་བཅས་ཀྱི་རྒྱུགས་ལེན་བྱ་བ་ཡོངས་འགྲུབ་བྱུང་ཡོད།

ད་ལོའི་ཟླ3པར། རྒྱལ་ཡོངས་གཞུང་ཞབས་པའི་བྱ་བར་སྐུལ་འདེད་བྱེད་པའི་གྲོས་ཚོགས་དེ་ཟི་ལིང་གྲོང་ཁྱེར་དུ་བསྡུས། གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོ་སློབ་མཐར་ཕྱིན་སློབ་མའི་ལས་ཞུགས་བྱ་བའི་འབྲེལ་ཡོད་བཀོད་སྒྲིག་བླང་བྱ་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱས་ཤིང་། མཐོ་སློབ་མཐར་ཕྱིན་སློབ་མའི་ལས་བསྡུའི་གཞི་ཁྱོན་གྱི་དོན་དངོས་ལ་ཟུང་འབྲེལ་གྱིས་དྲིལ་སྒྲིག་སྣེ་ཁྲིད་བྱ་བར་ཤུགས་སྣོན་དང་བྱེད་ཐབས་འགྲོ་ལུགས་ལེགས་སྒྱུར། བྱ་བའི་འཕེལ་རིམ་ཇེ་མགྱོགས་ཀྱིས་ཕུལ་བྱུང་མཐར་ཕྱིན་སློབ་མ་རྒྱུགས་ལེན་ལ་ཞུགས་རྒྱུར་སྤྲོ་འགུགས་བྱས།

ལྷ་དཔལ་སྐྱབས་ཀྱིས་བསྒྱུར།